དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་མཉམ་དུ་ཚོགས་འདུ་འཚོགས་ནས་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་ཞིང་འཕྲུལ་གྱི་འཁོར་འབྲེལ་བརྟན་པོ་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-30

    ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུའུ་དང་བཟོ་ལས་ཆ་འཕྲིན་ཅན་པུའུ་ཡིས་ཧུའུ་ནན་ཁྲེན་ཀྲོའུ་རུ་རྒྱལ་ཡོངས་ཀྱི་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་ཞིང་འཕྲུལ་གྱི་འཁོར་འབྲེལ་བརྟན་པོ་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་ཞིང་འཕྲུལ་གྱི་འཁོར་འབྲེལ་བརྟན་པོ་དང་སྟོབས་ཆེར་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་དང་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་ཆེད་སྒྲིག་ཆས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཞིང་ལས་གྲོང་གསེབ་པུའུ་དང་བཟོ་ལས་ཆ་འཕྲིན་ཅན་པུའུ་ཡིས་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པའི་བྱ་སྤྱོད་ལོ་གཉིས་སྤེལ་རིང་། རྟ་ཤུགས་ཆེ་བའི་འཕྲུལ་ཆས་ཆེ་གྲས་དང་རི་མ་ཐང་དུ་སྤྱོད་གོ་ཆོད་པའི་འཕྲུལ་ཆས་ཆུང་གྲས་དང་དེ་བཞིན་རིག་ནུས་ཅན་སོགས་ཁྱབ་ཁོངས་ཀྱི་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆར་དམིགས་ཏེ་འགག་སྒྲོལ་ཏན་ཏིག་བྱས་པ་དང་། འགག་རྩའི་འཕྲུལ་ཆས་ཁག་གཅིག་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཐད་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ། ས་གནས་འགར་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་ཚོགས་པ་གྲུབ་བཞིན་ཡོད་པ། ཐོན་ལས་འཁོར་འབྲེལ་གྱི་མཉེན་ཤུགས་སྔར་བས་ཆེ་རུ་འགྲོ་བ། ཞིང་འཕྲུལ་སྒྲིག་ཆས“ཆེ་འབྲིང་ཆུང་གསུམ་ཚང་མ་ཡོད་པ་དང་ལྗང་མདོག་ནུས་ཆེའི་རིག་ནུས་གཞི་གཅིག་ཅན་གྱི”ཕྱོགས་སུ་མགྱོགས་མྱུར་གོམ་པ་སྤོ་བཞིན་ཡོད་པ་བཅས་ཡིན་མོད། འོན་ཀྱང་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་དགོས་མཁོ་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ཚེ་ད་དུང་ཧེ་བག་ཡོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཞིང་འཕྲུལ་སྒྲིག་ཆས་འཕེལ་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བདེ་འཇགས་དང་བརྟན་པོའི་ངང་མཁོ་འདོན་འགན་ལེན་དང་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐོན་ལས་ཡོངས་དང་འཁོར་འབྲེལ་ཧྲིལ་པོས་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་ཞིང་འཕྲུལ་གྱི་འཁོར་འབྲེལ་བརྟན་པོ་དང་སྟོབས་ཆེར་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། གྲལ་བཤེར་བྱས་ཟིན་པའི་ཞན་ཆར་དམིགས་ཏེ། གལ་ཆེ་ཆུང་དང་དལ་བྲེལ་ལ་དབྱེ་འབྱེད་དང་རིམ་པ་སྟར་ཆགས་བཟོས་ཏེ་འབྲེལ་ཡོད་སྲིད་ཇུས་བེད་སྤྱོད་ལྷུག་པོ་དང་ཡག་པོ་བྱེད་པ། ལེགས་ཆའི་ཁེ་ལས་ཀྱིས་ཆེད་དོན་ལས་འགན་འཁུར་བར་རྒྱབ་སྐྱོར་བྱེད་པ། རིམ་པ་དང་རིགས་དབྱེ་ནས་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མ་དཔེའི་འཕྲུལ་ཆས་མགྱོགས་མྱུར་སྤྱོད་གོ་ཆོད་པ་བྱས་ཏེ“ཆེ་གཅིག་ཆུང་གཅིག”གི་ཞིང་འཕྲུལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་། ཁྱབ་སྤེལ། བེད་སྤྱོད་བཅས་བྱེད་པའི་སྔོན་ཁྲིད་ཁུལ་དུ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་ཁྱབ་གདལ་དང་བེད་སྤྱོད་ཀྱི་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་འགོ་འཛུགས་པ་དང་། མགྱོགས་མྱུར་དང་སྟབས་བདེའི་གསལ་འབྱེད་དང་ཞིབ་དཔྱད་ཚད་ལེན་གྱི་བགྲོད་ལམ་འཛུགས་དགོས། ཞིང་ནང་འཛུགས་སྐྲུན་བྱེད་རིང་ཞིང་འཕྲུལ་གྱི་ལས་སྒྲུབ་དང་ཤར་བགྲོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་བསམ་གཞིག་གང་ལེགས་བྱས་ཏེ། འཕྲུལ་ཆས་སྤྱོད་བདེ་བ་དེ་ས་བོན་འདེབས་གསོ་བྱེད་པའི་བླང་བྱ་གལ་ཆེན་དུ་བརྩིས་ནས་ཡུལ་བབ་དང་བསྟུན་ཏེ་འཕྲུལ་ཆས་ཀྱིས་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཁྱབ་གདལ་གཏོང་བ་དང་ཞིང་འཕྲུལ་སྒྲིག་ཆས་བེད་སྤྱོད་ཀྱི་རྣམ་པ་མུ་མཐུད་རྒྱ་ཆེར་གཏོང་དགོས། ཞིང་འཕྲུལ་བེད་སྤྱོད་ཀྱི་བྱེད་པོ་ལེགས་སྐྱོར་ལེགས་སྐྲུན་བྱས་ཏེ་རྒྱུན་གཏན་དང་ཁ་ཚ་དགོས་གཏུགས་གཉིས་ཀར་སྤྱོད་གོ་ཆོད་པའི་ས་ཁོངས་རང་བཞིན་གྱི་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྟེ་གནས་ཁག་གཅིག་གང་མགྱོགས་འཛུགས་པ་དང་འཕྲུལ་ཆས་གཏོང་མཁན་ཞིང་ནང་དུ་དངོས་སྦྱོང་དང་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་སྤུས་ཚད་ལ་ལྟ་ཞིབ་བྱ་རྒྱུར་དམ་འཛིན་བྱེད་དགོས། ཁེ་ལས་སྤུས་ལེགས་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་པ་དང་སྐྱེ་ཁམས་ཀྱི་གཙོ་ཁྲིད་ནུས་པ་ལྡན་པའི་ཐོན་ལས་འཁོར་འབྲེལ་གྱི“འཁོར་འབྲེལ་གཙོ་བོའི”ཁེ་ལས་ཧུར་ཐག་བསྐྲུན་ནས་ཆེད་ལས་དང་། བྱང་ཆུབ་པ། དམིགས་བསལ། གསར་པ་བཅས་ཀྱི་ཁེ་ལས་འབྲིང་ཆུང་གིས“ཐུན་མོང་མ་ཡིན་པའི་རྩལ་ནུས”དེ་བས་མང་བ་གཏོད་པར་རྒྱབ་སྐྱོར་བྱས་ནས་ལས་གྲྭའི་འཕྲུལ་ཆས་དང་། རླངས་འཁོར། གློག་རྡུལ་ཆ་འཕྲིན་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱིས་ཞིང་འཕྲུལ་སྒྲིག་ཆས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཚོགས་པ་ཁག་ཅིག་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།