དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨུ་རུ་སུས་མཐའ་མཚམས་ཟོག་འགྲེམས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-30

    ད་ལོའི་ལོ་སྟོད་དུ་ཀྲུང་གོ་དང་ཨུ་རུ་སུའི་ཧུའེ་ཁྲུན་འགག་སྒོའི་འགྲུལ་སྐྱེལ་སླར་གསོ་བྱུང་བ་དང་ཆབས་ཅིག་ཀྲུང་གོ་དང་། ཨུ་རུ་སུ། ཁྲའོ་ཞན་བཅས་འབྲེལ་མཚམས་སུ་གནས་པའི་ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་ཡི་ཧུའེ་ཁྲུན་གྲོང་ཁྱེར་གྱིས་མངའ་ཁོངས་སྒྲོལ་བའི་ཡུལ་སྐོར་གྲོང་ཁྱེར་གྱི་དེ་སྔའི་གསོན་ཤུགས་སླར་གསོ་བྱས་པར་བརྟེན། ཧུའེ་ཁྲུན་དུ་བསྐྱོད་ནས་ཡུལ་སྐོར་དང་ཅ་དངོས་ཉོ་བའི་ཨུ་རུ་སུའི་ཡུལ་སྐོར་བ་ཉིན་རེ་བཞིན་མང་དུ་ཕྱིན་ཡོད། འདི་ནི་ཉིན་ཤས་གོང་ཨུ་རུ་སུའི་ཡུལ་སྐོར་བ་ཧུའེ་ཁྲུན་གྲོང་ཁྱེར་ཧན་ཐང་ཁྲོམ་གཞུང་གི་མཚན་ཁྲོམ་དུ་ཞིམ་ཟས་ཉོ་བཞིན་པ།

    མོ་སི་ཁོ་དང་པེ་ཅིང་གིས་ཨུ་རུ་སུའི་མཐའ་མཚམས་གྲོང་ཁྱེར་དེ་ཟོག་འགྲེམས་ལྟེ་གནས་སུ་བསྒྱུར་རྒྱུ་རེད། སྐབས་དེར་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ལྡབ་ཁ་ཤས་མང་དུ་འགྲོ་ངེས་ཡིན་ལ། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་དང་། སྡོད་ཁང་། ལས་ཞུགས་ལས་གནས་བཅས་གསར་པ་ཐོན་རྒྱུ་རེད། ཨུ་རུ་སུའི་རིགས་གཅིག་མཁས་ཅན་ཚོས་འཛུགས་སྐྲུན་རྣམ་གྲངས་དེའི་ཁེ་སྤོགས་ནི་མ་འཇོག་གི་ལྡབ་6ཟིན་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

    ཉེ་ཆར་འཚོགས་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཐོག་ཀྲུང་གོའི་ཞོན་ཡོན་ཚོགས་པ་བཟོ་ལས་འཕེལ་རྒྱས་ཀུང་སིས་ཀྲུང་གོའི་ཧེ་ལུང་ཅང་དང་ཐག་ཉེ་བའི་ཨུ་རུ་སུའི་རྒྱང་ཤར་ཨ་མོར་ས་ཁུལ་གྱི་མཐའ་མཚམས་སུ་ནུས་རྒྱུ་ཟོག་འགྲེམས་ལྟེ་གནས་བསྐྲུན་རྒྱུའི་འཆར་གཞི་བཏོན་ཡོད་ཅིང་། འབུད་རྫས་གསོག་ཉར་མཐའ་སྣེ་ཆེ་གྲས་ནི་རྣམ་གྲངས་དེའི་ཆ་ཤས་ཤིག་ཡིན། ཟོག་འགྲེམས་ལྟེ་གནས་དེ་ན་ནིང་ཤར་གཏོང་བྱས་པའི་ཨུ་རུ་སུ་དང་ཀྲུང་གོའི་གཙང་པོ་སྒྲོལ་བའི་ལྕགས་ལམ་ཟམ་ཆེན་ཏེ་ཀྲུང་ཨུའི་ཐུང་ཅང་གཙང་པོ་ནས་ལེ་ཉིང་སི་ཁུའུ་གཡོད་ཅེ་གཙང་པོའི་སྨད་རྒྱུད་ཀྱི་ལྕགས་ལམ་ཟམ་པ་ཚུད་ཅིང་། སྐྱེལ་འདྲེན་ནུས་པ་ཚོད་དཔག་བྱས་ན་ལོ་རེར་ཏུན་ཁྲི་2500ཟིན་རྒྱུ་རེད།

    ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་ས་ཁུལ་འདི་གའི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་འདུན་པ་ཆེན་པོ་ཡོད། ཟོག་འགྲེམས་ཀྱི་མཐའ་སྣེ་གསར་པས་རྒྱལ་ཁབ་གཉིས་ཀྱི་ལོའི་དངོས་ཟོག་སྐྱེལ་འདྲེན་ནུས་པ་ཏུན་ཁྲི་2500བར་ཆེ་རུ་གཏོང་རྒྱུ་རེད། འབྲེལ་ཡོད་མ་འཇོག་བྱེད་ཚད་སྔོན་དཔག་ལྟར་ན་ལུའུ་པུའུ་དུང་ཕྱུར་20ཟིན་རྒྱུ་དང་། འཆར་གཞི་ལྟར་ལེགས་སྒྲུབ་བྱས་རྗེས་ལོའི་ཡོང་འབབ་ལུའུ་པུའུ་དུང་ཕྱུར་1.35ཙམ་ཟིན་རྒྱུ་རེད།

    —— ཨུ་རུ་སུ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།