དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུས་ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-30

    ཉེ་ཆར། གསར་འགོད་པས་ནག་ཆུ་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར། ནག་ཆུས“མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པ། དར་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་གཙོ་རྐང་ལ་དམིགས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་མཐོར་གཏོང་སོགས་གཙོ་གནད་ལས་འགན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ཡོད། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་11814.4ཟིན་པ་དང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་15.08སྤྱི་འདོམས་བསྡུ་སྒྲིལ་དང་བེད་སྤྱོད་བྱས་པ། རྣམ་གྲངས་ཁག་211ལག་ལེན་བསྟར་བ། གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་36718ལས་ཞུགས་ཐུབ་ནས། གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕན་འབྲས་དངོས་ཐོན་ཏེ་གྲོང་གསེབ་དར་རྒྱས་ལ་རྣམ་པ་གསར་པ་བཏོད་ཡོད།

    དུས་བཀག་ལྟར་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་རྣམ་གྲངས་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྫོང(ཆུས)ཁག་གིས་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱས་ཚུལ་དང་། མ་དངུལ་དང་རྣམ་གྲངས་འཛུགས་སྐྲུན་འབྲེལ་མཐུད་དང་དེ་བཞིན་དབུལ་སྒྲོལ་མི་འབོར་ལ་འབབ་འཕར་བྱུང་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས། རྣམ་གྲངས་ཀྱི་མ་དངུལ་གཏོང་འགོར་བ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་མངོན་གསལ་དེ་ཙམ་མེད་པ་སོགས་ཀྱི་གནད་དོན་ཐད། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་དམིགས་སའི་རང་བཞིན་ཡོད་པའི་ཐག་གཅོད་བྱེད་ཐབས་བཏོན་ཡོད་པ་རེད།

    ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས《དབུལ་ལོག་སྔོན་འགོག་གི་སྒུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་གྱི་ལས་ཀའི་ཇུས་གཞི》དང《ནག་ཆུ་གྲོང་ཁྱེར་གྱི་དབུལ་ལོག་སྔོན་འགོག་གི་ཉེན་ཁར་དབྱེ་ཞིབ་བརྡར་གཅོད་དང་མཐུན་སྦྱོར་ཐག་གཅོད་ཀྱི་ལས་ཀའི་མཐུན་སྦྱོར་ལམ་སྲོལ》སོགས་བཟོས་ནས་བཀྲམ་ཡོད། རྫོང(ཆུས)དང་། གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་ཉོ་སྒྲུབ་དང་རྩ་འཛུགས་ཀྱི་ཆེད་སྒྲོམ་དང་། ཆེད་ཁུལ། ཆེད་ཁང་བྲིན་ཚོང་། ལྗོངས་ཕྱི་ནང་དུ་འགྲེམས་ཚོང་། དྲ་རྒྱའི་ཐད་གཏོང་ཟོག་ཚོང་། ཅིང་ཏུང་ལས་སྟེགས་ཀྱི་དྲ་ཐོག་ཕྱིར་ཚོང་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་འབྲོག་ཁུལ་གྱི་རོགས་སྐྱོར་ཐོན་རྫས་བྲིན་ཚོང་བྱེད་ཚད་སྒོར་ཁྲི་4034.22ཟིན་ཡོད་པ་རེད།

    འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། 《ནག་ཆུ་གྲོང་ཁྱེར་གྱི་2023ལོའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་གསར་པ་གཏོད་པའི་ལོ་60ཡི་རྣམ་གྲངས་དང་གཟི་བརྗིད་མིང་ཐོ་ཁྱབ་གདལ་བེད་སྤྱོད་ཀྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཟོས་ནས་བཀྲམ་སྟེ། ཞིང་འབྲོག་མང་ཚོགས་ཀྱིས་ལུགས་རྙིང་སྲོལ་ངན་ཡོ་བསྲང་དང་སྲོལ་གསར་གཏོད་པར་ཁྲིད་སྟོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།