ཀྲུང་གོས་5Gལག་ཐོགས་ཁ་པར་ལ་དམིགས་ཚད་གསར་པ་བཟོས་པ།
ཉེ་ཆར། ཀྲུང་གོ་བཟོ་འཕྲིན་ཅན་པུའུ་དང་ནོར་སྲིད་པུས《གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་2023ལོ་ནས་2024ལོའི་བར་བརྟན་འཕར་བྱ་སྤྱོད་ཇུས་གཞི》བཀྲམ་པ་དང་། ཇུས་གཞིའི་ནང་། 2024ལོར་ཀྲུང་གོའི་ལག་ཐོགས་ཁ་པར་གྱི་ཁྲོམ་རའི་5Gལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་ཚད་ཀྱི་བསྡུར་ཚད་85%ལྷག་ཙམ་ཟིན་པ་དང་། དབྱིན་ཚུན་75དང་དེ་ཡན་གྱི་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་གྱི་ཁྲོམ་རའི་ཐོབ་སྐལ་གྱི་25%ལྷག་ཙམ་ཟིན་པ། ཉི་ནུས་གློག་རྫས་ཀྱི་ཐོན་ཚད་ཅི་ཝ་450ལྷག་ཙམ་ཟིན་པ་བཅས་རེད།
དེའི་ནང་5Gལག་ཐོགས་ཁ་པར་ཐོན་སྐྱེད་ཀྱི་དམིགས་ཚད་ལ་ཁྲོམ་རའི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད། གྲངས་གཞི་ལས་མངོན་པར། 2022ལོར་ཀྲུང་གོའི་རྒྱལ་ནང་ཁྲོམ་རར་ལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་2.72ཟིན་པའི་ནང་5Gལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་2.14ཟིན་པ་དེས་དུས་མཚུངས་ཀྱི་ལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་ཚད་ཀྱི་78%ཡན་ཟིན་ཡོད། ལས་རིགས་ནང་ཁུལ་དུ་5Gལག་ཐོགས་ཁ་པར་ལ་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོཊ་པའི་ཚཊ་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།