དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས།

    ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-30

    ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས“སྐྱེ་ཁམས་སྔོན་བསྟར་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་རྒྱུ་དེ་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་སྣེ་གདོང་ཆུས་ཀྱི་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱེད་མགྱོགས་སུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་རྒྱུ་དེ་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི(དུས་ཐེངས་དང་པོ་དང་གཉིས་པ)འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་3800བཏང་སྟེ་སྣེ་གདོང་ཆུས་ཀྱི་ཁྱབ་ཁོངས་ནང་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ་4དང་། སྐྱེ་ལྡན་ལུད་བཟོ་གྲྭ་2 ཞིང་འབྲོག་པའི་གསོ་ཚགས་དུད་ཚང་1747བཅས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་བསྟར་ཁྱབ་ཁོངས་སུ་བཅུག་ནས་ཞིང་འབྲོག་པའི་འབབ་འཕར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཟུང་འབྲེལ་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་གཏོང་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།