དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་བ་ལིའུ་ལེན་ཟ་དད་ཆེ་བས་ཐེ་ལན་གྱིས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-30

    ཐེ་ལན་ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2022ལོར་ཀྲུང་གོ་ནི་ཐེ་ལན་གྱི་ལིའུ་ལེན་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཡིན་ཞིང་། ཕྱིར་གཏོང་བསྡོམས་འབོར་གྱི་96%བཟུང་བ་དང་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་30.9ཟིན་ཡོད་པ་རེད། འདི་ནི་ཉེ་ཆར་ཐེ་ལན་གྱི་ཁྲུན་ཕུང་ཧྥུའུ་ཡི་ཤིང་འབྲས་ལྡུམ་ར་ཞིག་ནང་ལས་མིས་བཏུས་མ་ཐག་པའི་ལིའུ་ལེན་སྟོན་བཞིན་པ།

    ཧུད་ཧྥུང་དངུལ་ཁང་གི་སྔོན་དཔག་ལ་གཞིགས་ན། གཙོ་བོ་ཀྲུང་གོའི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་པའི་སྐུལ་འདེད་འོག གོ་ལ་ཧྲིལ་པོའི་ལིའུ་ལེན་འཛད་སྤྱོད་བྱེད་ཚད་ཆེས་ཆེར་འཕར་ནས་400%ཟིན་པས། ཐེ་ལན་གྱི་ལིའུ་ལེན་ཕྱིར་གཏོང་ཚོང་པས་ཕྱིར་གཏོང་བྱེད་ཚད་མང་དུ་མངོན་གསལ་དོད་པོ་འགྲོ་བའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

    འདས་ཟིན་པའི་ལོ་གཉིས་ནང་། ཀྲུང་གོས་ནང་འདྲེན་བྱས་པའི་ལིའུ་ལེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་60ཟིན་ནས་ཀྲུང་གོ་གོ་ལ་ཧྲིལ་པོའི་ལིའུ་ལེན་ནང་འདྲེན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་གནས་བབ་བརྟན་དུ་ཕྱིན་ཏེ། གོ་ལ་ཧྲིལ་པོའི་ལིའུ་ལེན་ཁྲོམ་རའི་91%བཟུང་ཡོད་པ་རེད།

    ཧུད་ཧྥུང་དངུལ་ཁང་གི་དཔལ་འབྱོར་རིག་པ་མཁས་ཅན་ཨ་ལི་སི·ཏ་ཁཱ་ནེས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལིའུ་ལེན་ཕྱིར་གཏོང་རྒྱལ་ཁབ་གཙོ་བོར་འཕེལ་ཕྱོགས་འདིའི་ཁྲོད་ནས་ཕན་པ་ཐོབ་ཡོད། དེའི་ནང་། ཐེ་ལན་གནས་བབ་ཡག་པར་གནས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལིའུ་ལེན་ཕྱིར་གཏོང་རྒྱལ་ཁབ་གཙོ་བོ་ཡིན་པའི་ངོས་ནས་ཐེ་ལན་གྱིས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཁྲོམ་རའི་ཐད་དགེ་མཚན་ལྡན་པའི་གནས་བབ་བཟུང་ཡོད་ཅེས་བརྗོད།

    ཨ་ལི་སིས། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཀྲུང་གོ ཧན་གོ རི་པིན། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་སོགས་ལས་གྲུབ་པའི་ས་ཁོངས་རང་བཞིན་གྱི་རང་མོས་ཚོང་དོན་གྱི་གྲོས་ཆོད་ཅིག་ཡིན་ཞིང་། དེས་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ལ་འདྲ་མཉམ་ངང་ཀྲུང་གོའི་ཁྲོམ་ར་ཆེན་པོར་ཞུགས་པའི་གོ་སྐབས་མཁོ་འདོན་བྱས་ཡོད། འདི་ལྟ་བུའི་ཚོང་དོན་ཁོར་ཡུག་ལས་ལིའུ་ལེན་ཁྲོམ་རའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་པ་དང་འབྲེལ། ཐེ་ལན་གྱི་ལིའུ་ལན་ཕྱིར་གཏོང་ཚོང་པར་མདུན་ལམ་བཟང་པོ་བྱུང་ཡོད་ཅེས་བརྗོད།

    —— ཐེ་ལན་གྱི《པ་ཏི་ཡ་སྦྲགས་སྲིད་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།