དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔེ་ཀློག་ཞིབ་སྦྱོང་དང་། གསར་བརྗེའི་སློབ་གསོ། རིགས་པའི་གཞུང་ལུགས་གཞན་སྒྱུར་བཅས་གཏིང་ཟབ་ཏུ་བཏང་བ།

    ལྷ་ས་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-30

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ་སློབ་སྦྱོང་དང་། བསམ་བློ། ལག་ལེན། གོ་རྟོགས་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏིང་ཟབ་གསུམ”ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི“སྣ་འདུས་ཐབས་བཟང”འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་ནས་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ཡོད།

    དཔེ་ཀློག་ཞིབ་སྦྱོང་ཟབ་ཏུ་བཏང་ནས་བསམ་བློའི་གོ་རྟོགས་མཐོ་རུ་བཏང་བ། ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་དཔེ་ཀློག་འཛིན་གྲྭ་འཇུག་གཞིར་བརྩིས་ནས་སྣེ་ཁྲིད་དེ་སློབ་སྦྱོང་དང་། སྣེ་ཁྲིད་དེ་བགྲོ་གླེང་བྱས་ཏེ་ཇུས་བཀོད་ཧུར་ཐག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཧུར་ཐག་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་ནང་ཞུགས་པའི་ཚན་པ་ཁག་གིས“དགོངས་པ་སློབ་སྦྱོང”བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་ཨང་དང་པོ་དང་བརྗོད་དོན་གཙོ་བོའི་གཙོ་རྐང་དུ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་ཧུར་ཐག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།

    གསར་བརྗེའི་སློབ་གསོ་ཟབ་སྤེལ་དང་། བརྗོད་དོན་གཙོ་བོའི་ནང་དོན་གཏིང་ཟབ་ཏུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་ནང་ཞུགས་མཁན་ཚན་པ་ཁག་གིས་དཔེ་དེབ་ལྟ་བ་དང་སློབ་ཁྲིད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསར་བརྗེའི་ཐོན་ཁུངས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ་བས་གཏིང་ཟབ་ཏུ་བཏང་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་མཉམ་སྦྱོང་མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ལས་ཁུངས་ཀྱི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་ནས“9·18”དྲན་གསོའི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་ཏང་ཡོན་ལས་བྱེད་པས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་རྒྱུར་ཁྲིད་སྟོན་བྱས་པ་རེད།

    རིགས་པའི་གཞུང་ལུགས་གཞན་སྒྱུར་གཏིང་ཟབ་བྱས་ནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མངོན་པར་བྱས་པ། གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་ནང་ཞུགས་པའི་ཚན་པ་ཁག་གིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས། སྦྱངས་པ་གོ་ཆོད་དང་བརྩེ་བ་ཆེན་པོས་དམངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱས་ཡོད། ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“གསར་བརྗེས་ཁྲིད་སྟོན་དང་། སྲིད་དོན་གདོང་ལེན”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་དང་ཏང་ཡོན་སྡེ་ཁུལ་དུ“འབྱོར་ཐོ་གཉིས་བཀོད”ཀྱི་ལས་ཀའི་འཆར་གཞི་བཟོ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཞབས་ཞུའི་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།