དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲང་འགོག་ཕྱུགས་སྲུང་གི་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-30

    ● མིག་སྔར་ཞིང་ཆེན་ཡོངས་སུ་ཀྲོའུ་དང་། རྫོང་། ཤང་། གྲོང་ཚོ། འབྲོག་དུད་བཅས་ཀྱི་རིམ་ལྔའི་གཟན་རྩྭ་དང་གཟན་ཆག་གྲབས་གསོག་མ་ལག་རགས་ཙམ་བསྐྲུན་ཟིན་པས། ལོའི་གཟན་ཆག་གྲབས་གསོག་བྱེད་ནུས་ཏུན་ཁྲི་4.5ཡན་ཟིན་ནས་གཟན་རྩྭ་དང་གཟན་ཆག་གྲབས་གསོག་ཁྱབ་ཁོངས་སྔོན་ཆད་ཀྱི་ཀྲོའུ་3གྱི་རྫོང་9ནས་ད་ཆའི་གྲོང་ཁྱེར་དང་ཀྲོའུ་8ཀྱི་རྫོང་42བར་མང་དུ་ཕྱིན་ཡོད།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ཀྱི་གྲང་འགོག་ཕྱུགས་སྲུང་ལས་དོན་བཀོད་སྒྲིག་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱིས་ཚུགས་གནས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། སྔོན་ཚུད་ཉེན་གཏོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་པ། རིམས་འགོག་གི་བྱེད་ཐབས་དོན་འཁྱོལ་བྱེད་པ་བཅས་བྱེད་ཐབས་ཆེན་པོ་ལྔའི་ཐོག་ནས་གྲང་འགོག་ཕྱུགས་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་མིག་སྔའི་ཞིང་འབྲོག་ལས་རྒྱུན་གཏན་ལྟར་ཐོན་སྐྱེད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཀྱིས་སྔོན་འགོག་ཆེན་པོ་དང་། ལྟ་འདོམས་ཆེན་པོ། དྲིལ་བསྒྲགས་ཆེན་པོ། འགན་སྲུང་ཆེན་པོ་བཅས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ཆེན་པོའི་སྔོན་ཚུད་ཉེན་གཏོང་དང་འཕྲལ་སྡོམ་ལས་རེས་དང་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། ཞིང་ཆེན་གྱི་རྒྱང་ཚོར་མ་ལག་དང་དྲ་རྒྱའི་འཕྲིན་གཏོང་མ་ལག་ལ་གང་ལེགས་བརྟེན་པ། སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་དང་། གནམ་གཤིས་ཀྱི་ཆ་རྐྱེན་དང་གནོད་འཚེ་ཐོན་ཚུལ་ལ་དབྱེ་ཞིབ་བརྡར་གཅོད་ཡང་དག་བྱས་ནས་སྔོན་ཚུད་ཉེན་བརྡ་གཏོང་བ། འཕྲལ་སྡོམ་བརྡ་ལན་གྱི་ལས་རིམ་དུས་ཐོག་ཏུ་ལག་ལེན་བསྟར་འགོ་བཙུགས་ཏེ་ཉིན་མཚན་དབྱེར་མེད་ཀྱི་ལས་རེས་ལམ་ལུགས་མཐའ་འཁྱོངས་བྱས་པ། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་པའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། གེགས་འགོག་ཕྱུགས་སྲུང་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་མཉམ་སྤྱོད་ཐུབ་པ། ས་ཁོངས་སྒྲོལ་བའི་གཟན་རྩྭ་གྲབས་གསོག་གི་གསབ་རེས་དང་བརྗེ་རེས་ཀྱི་ལམ་སྲོལ་འཛུགས་པ་བཅས་བྱས་ཡོད།

    དེ་དང་ཆབས་ཅིག་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་རང་བྱུང་གནོད་འཚེར་སྔོན་འགོག་དང་ཁ་གཏད་ཡག་པོ་གཅོག་པ་དང་། འབྲོག་ལས་ཐོན་སྐྱེད་ཀྱི་གེགས་སེལ་མ་དངུལ་གང་འགབ་ཅི་སྤྱོད་བྱེད་པ། ཕྱུགས་རིགས་བཤས་གཏོང་ཤུགས་ཆེ་རུ་གཏོང་བ། ཕྱུགས་རིགས་ཉོ་ཚོང་བྱེད་མང་དུ་གཏོང་བ་བཅས་བྱས་ཏེ། གནོད་འཚེ་ལས་བྱུང་བའི་གསོ་ཚགས་ཀྱི་ཉེན་ཁ་དང་ཕྱུགས་རིགས་དགུན་སྒྲོལ་གྱི་ཉེན་ཁ་ཆུང་དུ་གང་ཐུབ་གཏོང་བ་དང་སྦྲགས། ཞིང་ཆེན་རིམ་པའི་ཞིང་སྐྱོར་མ་དངུལ་དང་འབྲོག་ཁུལ་གྱི་ཆེད་སྤྱོད་མ་དངུལ་གྱི་རྣམ་གྲངས་བརྒྱུད“ས་ཁོངས་ཀྱི་བསྡུ་འགྲེམ་སྡེབ་སྐྱེལ་ལྟེ་གནས་1དང་གཟན་རྩྭ་དང་གཟན་ཆག་སྡེབ་སྐྱེལ་ས་ཚིགས་3”གྱི་གཟན་རྩྭ་སྡེབ་སྐྱེལ་མ་ལག་རིམ་བཞིན་བཙུགས་ཏེ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྨང་གཞི་བརྟན་དུ་བཏང་ཡོད། རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱས་ཏེ་དགུན་དཔྱིད་གཉིས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་བཅད་བརྟན་དུ་བཏང་ནས་སྲོག་ཆགས་ཀྱི་འགོ་ནད་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གནོད་འཚེ་ཐོན་མང་བ་དང་ཐོན་སླ་བའི་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། འབྲི་གཡག་མགོ་གྲངས་ཆིག་སྟོང་དང་བོད་ལུག་མགོ་གྲངས་ཆིག་སྟོང་གི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་དང་། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ། སྐྱེ་ཁམས་འབྲོག་ར། རྩྭ་ཐང་གི་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར། འབྲུ་རིགས་སྟེར་བ་ནས་གཟན་ཆག་སྟེར་བའི་བར། ཕན་ཆེ་དང་སྤུས་ལེགས་ཀྱི་རྩྭ་འབུ་སུ་ཧང་གི་དཔེ་སྟོན་རྣམ་གྲངས་དང་དེ་བཞིན་ཚད་ལྡན་ཅན་གྱི་གཟན་རྩྭ་དང་རྒྱུད་བཟང་རྟེན་གཞི་འཛུགས་སྐྲུན། འབྲོག་ཁུལ་གྱི“ཤ་ཚལ་སྒོང་གསུམ”གྱི་ཆེད་དོན་སོགས་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱས་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ཀྲོའུ་དང་། རྫོང་། ཤང་། གྲོང་ཚོ། འབྲོག་དུད་བཅས་ཀྱི་རིམ་ལྔའི་གཟན་རྩྭ་དང་གཟན་ཆག་གྲབས་གསོག་མ་ལག་རགས་ཙམ་བསྐྲུན་ཟིན་པས། ལོའི་གཟན་ཆག་གྲབས་གསོག་བྱེད་ནུས་ཏུན་ཁྲི་4.5ཡན་ཟིན་ནས་གཟན་རྩྭ་དང་གཟན་ཆག་གྲབས་གསོག་ཁྱབ་ཁོངས་སྔོན་ཆད་ཀྱི་ཀྲོའུ་3གྱི་རྫོང་9ནས་ད་ཆའི་གྲོང་ཁྱེར་དང་ཀྲོའུ་8ཀྱི་རྫོང་42བར་མང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།