དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཁྱབ་ཁོངས་རྒྱ་ཁྱོན་གཏན་རགས་ཙམ་ཁེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-29

    ཉེ་ཆར་གསར་འགོད་པར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཁྱབ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.16ཡིན་པའི་གཏན་རགས་ཙམ་ཁེལ་བར། ལྟེ་བའི་སྲུང་སྐྱོང་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་0.51དང་སྤྱིར་བཏང་ཚོད་འཛིན་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་0.65ཡོད་པ་སོ་སོར44.3%དང་55.7%བཟུང་ཡོད།

    རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་བཀའ་ལན་གནང་ནས་མོས་མཐུན་བྱུང་སྟེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་ལས་དོན་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱིས《རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་ཕྱོགས་སྟོན》ལ་ཞིབ་བསྡུར་བྱས་ཏེ《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་ལག་བསྟར་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་ཕྱོགས་8ཀྱི་རྣམ་གྲངས་23དག་ཕྱོགས་9ཡི་ལས་འགན་ཞིབ་ཕྲ་55དང་དེ་བཞིན་གྲུབ་འབྲས་ཁག65བར་ཞིབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་ལས་འགན་ཁག་ལ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ཞིང་། མིག་སྔར་སྤྱི་གླིང་སྐྲུན་པའི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱུང་བ་དང་གོམ་སྟབས་རྗེས་མར་རང་དཔྱད་ཀྱི་དུས་མཚམས་སུ་སླེབས་ཀྱི་ཡོད།

    ཚན་རིག་དང་མཐུན་པའི་ངང་ཁྱབ་ཁོངས་ཁུལ་གཏན་འཁེལ་བྱས་པ་དེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ངོས་ནས་གཞི་གདན་བརྟག་དཔྱད་ལ་བརྟེན་ནས་ཕྱོགས་12ཀྱི་ཆེད་དོན་ཕྱིའི་ལས་རིགས་ཀྱི་རྟོག་ཞིབ་ལེགས་སྒྲུབ་འདེགས་སྐྱོར་དུ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་རིམ་ཁག་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་འབྲེལ་མཐུད་དང་། རྫོང་རིམ་པ་ཡན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་འབྲེལ་མཐུད། “ཁུལ་གསུམ་ཐིག་གསུམ”གྱི་གྲུབ་འབྲས་ཆ་ཚང་ལ་ཞིབ་དཔྱད། མཚོ་འཁོར་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་ཕྱོགས་བསྡུས་བསམ་གཞིག་བཅས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་ཁུལ་གྱི་ཁྱབ་ཁོངས་གཏན་འཁེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བར་མཐོངས་འདང་ངེས་བཞག་ཡོད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་ཏུང་ཕུའུ་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་སྐྲུན་རྩིས་ཡོད་པའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་། རྐང་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་བཅས་དང་འབྲེལ་བ་ཡོད་པས། མཚོ་སྔོན་པོ་སོགས་ས་མཐོའི་མཚོ་དང་། གཙང་པོ། མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག དེ་བཞིན་ཁྲུང་ཁྲུང་སྐེ་ནག་དང་། ངང་པ། མཚོ་སྔོན་པོའི་ཉ་རིགས་སོགས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།