དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཟ་མ་གཅིག་སྡུད་ཟ་བའི་ཚན་པའི་བཟའ་བཅའི་བདེ་འཇགས་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-29

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ནན་ཤོས་བཞིའི”བླང་བྱ་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ནས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐུན་སྦྱོར་མཉམ་སྒུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་ཁྲིམས་འཛིན་ནན་དུ་གཏོང་བ་བཅས་བྱས་ཏེ། ཟ་མ་གཅིག་སྡུད་ཟ་བའི་ཚན་པའི་བཟའ་བཅའི་བདེ་འཇགས་དོ་དམ་ཚད་ལྡན་མེད་པ་དང་། ལམ་ལུགས་ལག་བསྟར་གནད་འཁེལ་མེད་པ། ཐབ་ཚང་ཁོར་ཡུག་གཙང་མ་མེད་པ། བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་མང་པོ་ཐོན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་བདེ། དམངས་སྲིད། ལས་ཁུངས་ལས་དོན་དོ་དམ་སྡེ་ཚན་བཅས་དང་མཉམ་དུ་ས་གནས་ཁག་ཏུ་ལྟ་སྐུལ་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་རྨང་གཞིའི་ཐོག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ཟ་མ་གཅིག་སྡུད་ཟ་བའི་ཚན་པ་དང་དེས་འགན་གཙང་གཉེར་སྐྱོང་བྱས་པའི་ཁེ་ལས་ཀྱི་དོ་དམ་ཚད་ལྡན་མངོན་གསལ་དོད་དུ་བཏང་ནས་ལས་དོན་པའི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་མངོན་གསལ་དོད་པོ་གཏོང་བ་དང་། ཁོར་ཡུག་གཙང་སྦྲ་ལེགས་སུ་མངོན་གསལ་དོད་པོ་གཏོང་བ། ཕུགས་ཕན་ལམ་ལུགས་ལམ་སྲོལ་རིམ་བཞིན་འཛུགས་པ། ཟ་མ་གཅིག་སྡུད་ཟ་བའི་ཚན་པའི་བཟའ་བཅའི་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་སུ་འདི་ལོ་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱས་པ་རེད།

    རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཟ་མ་གཅིག་སྡུད་ཟ་བའི་ཚན་པར་བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས། ཟ་མ་གཅིག་སྡུད་ཟ་བའི་ཚན་པའི་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་ལས་རིགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཡོད། གདེང་འཇོག་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཟ་མ་གཅིག་སྡུད་ཟ་བའི་ཚན་པས་བཟའ་བཅའི་བདེ་འཇགས་ཀྱི་སློབ་གསོ་དང་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པར་ལྟ་སྐུལ་བྱས་ཡོད། མིག་སྔའི་བར། ཟ་མ་གཅིག་སྡུད་ཟ་བའི་ཚན་པ་དང་དེའི་ཟ་ཁང་འགན་གཙང་གཉེར་སྐྱོང་མཁན་གྱིས་ཟ་ཁང་2054ལ་རང་བཤེར་རང་བཅོས་བྱས་པ་དང་། ཟ་མ་གཅིག་སྡུད་ཟ་བའི་ཚན་པ་དང་དེའི་ཟ་ཁང་འགན་གཙང་གཉེར་སྐྱོང་བྱེད་མཁན་1500ལ་ཞིབ་བཤེར་བྱས་པ་ལས། སློབ་གྲྭའི་བུ་བཅོལ་སྒྲིག་གཞི་1092དང་། སྨན་ཁང་59 རྒན་གསོ་ཁང་45 ལས་ཁུངས་195བཅས་དང་། ཟ་ཁང་གཞན་དག་109ཡོད་པར་གནད་དོན་ཐེངས་343ཤེས་རྟོགས་ཐུབ་ནས་གནད་དོན་495བཅོས་སྒྲིག་བྱེད་པར་སྐུལ་མ་བཏང་བ་དང་། འགན་གཙང་གཉེར་སྐྱོང་་ཁེ་ལས་3ཕྱིར་འཐེན་བྱས་པའམ་ཡང་ན་བརྗེས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།