དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་ལེ་ཚན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-28

    ཟླ་10ཚེས་26ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་ལྗིད་འདེགས་རྣམ་གྲངས་བུད་མེད་ཀྱི་སྤྱི་རྒྱ་79རིམ་པའི་འགྲན་བསྡུར་ལ་ཀྲུང་གོའི་བདམས་ཐོན་པ་ཞུས་ལི་ལི་ཡིས་སྤྱི་རྒྱ་135ཡི་གྲུབ་འབྲས་ནས་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་འབྲེལ་ཨང་དང་པོ་བླངས་པ་རེད། འདི་ནི་ཞུས་ལི་ལི་ཡིས་འགྲན་བསྡུར་བྱེད་སྐབས་རྟེན་འབྲེལ་ཞུ་བཞིན་པ།

    ཟླ་10ཚེས་26ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་རྐུབ་སྟེགས་འཁོར་ལོའི་གྲི་རྩལ་རྣམ་གྲངས་བུད་མེད་ཀྱི་ལྗིད་གྲི་ཚོགས་པའི་མཐའ་བསྡུར་ལ་ཀྲུང་གོའི་རུ་ཁག་གིས་45བསྡུར་26གི་གྲུབ་འབྲས་ཀྱིས་ཐེ་ལེན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། འདི་ནི་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཁྲེན་ཡོན་ཏུང་དང་། ཀུའུ་ཧའེ་ཡན། ཙོན་ཞུས་ཧྥུང་། ཁང་སུའུ(གཡོན་ནས་གཡས་བར)བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

    ཟླ་10ཚེས་25ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་སྤང་སྟེང་སྤོ་ལོ་འཕེན་པའི་སྐྱེས་པའི་མི་སྒེར་གྱི་B1གི་མཐའ་བསྡུར་ལ་ཀྲུང་གོའི་བདམས་ཐོན་པ་ཝུང་ཧྥེ་པེའོ་ཡིས་8བསྡུར་7གྱི་གྲུབ་འབྲས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་བདམས་ཐོན་པ་ཏེ་ཝེ·ཝེ་ཏི་ཨན་ཐོ་ལོ་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཝུང་ཧྥེ་པེའོ(གཡས)དང་ཁྲིད་སྟོན་པ་ལིའུ་གོ་ཆང་གིས་འགྲན་བསྡུར་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བཞིན་པ།

    ཟླ་10ཚེས་25ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་བུད་མེད་ཀྱི་སྨི་100ཡི་T47རིམ་པའི་མཐའ་བསྡུར་ལ་ཀྲུང་གོའི་བདམས་ཐོན་པ་ལི་ལུའུ་ཡིས་སྐར་ཆ་12ཚེག་63གྱི་གྲུབ་འབྲས་ཀྱིས་ཨང་དང་པོ་བླངས་པ་དང་། ཧྲན་ཅེ་ལ་ཨང་གཉིས་པ་ཐོབ་པ་རེད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ལི་ལུའུ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།