དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་སྤྱི་དམངས་ཀྱི་གཉེན་སྒྲིག་དང་བུ་བཙའི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་ཐུབ”པར་སྐུལ་སྤེལ་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི“མང་ཤོས་ལ་ཐེངས་གཅིག་རྒྱུག་པའི”སྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས་མང་ཚོགས་ལ་སྔར་བས་ཞབས་འདེགས་ལེགས་པ་ཞུ་བ་དང་སྟབས་བདེ་སྐྲུན་ཆེད། འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་སྤྱི་བདེ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་སྤྱི་དམངས་ཀྱི་གཉེན་སྒྲིག་དང་བུ་བཙའི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་ཐུབ”པའི་ལས་དོན་ལ་སྐུལ་འདེད་བྱེད་མགྱོགས་སུ་བཏང་བར་བརྟེན། སྤྱི་དམངས་ཀྱི་གཉེན་སྒྲིག་ཐོ་འགོད་དང་། བུ་བཙའི་ཐོ་འགོད། ཐེམ་ཐོའི་ནང་གཉེན་སྒྲིག་གནས་ཚུལ་འགྱུར་བ་བྱུང་བ། ཁྱོ་ཤུག་གི་ཐེམ་ཐོ་སྒྱུར་བ་བཅས་དོན་ཚན་4གཅིག་འཐུས་རྣམ་པའི་སྒྲུབ་གཉེར་དང་ལས་ཀའི་ཉིན་15ནང་ཚུན་དུ་སྒྲུབ་ཐུབ་པ་བྱུང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཡང་སྔར་བས་ཆེ་རུ་སོང་ཡོད་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། མང་ཚོགས་ཀྱིས་གཉེན་སྒྲིག་དང་། བུ་བཙའ། གཞིས་ཆགས་སོགས་ཀྱི་འབྲེལ་ཡོད་ལས་སྒོ་གཉེར་སྐབས“ཕྱོགས་མང་པོར་རྒྱུག་པ་དང་ཡང་ཡང་རྒྱུག་དགོས་པའི”གནད་དོན་ནུས་ལྡན་ངང་ཐག་གཅོད་བྱ་ཆེད། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་སྤྱི་བདེ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་སྤྱི་དམངས་ཀྱི་གཉེན་སྒྲིག་དང་བུ་བཙའི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”ལས་དོན་ཁྱབ་གདལ་བེད་སྤྱོད་ཀྱི་ཇུས་གཞི་བཟོས་ནས། སྤྱི་དམངས་ཀྱི་གཉེན་སྒྲིག་དང་བུ་བཙའི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”བརྗོད་དོན་གཙོ་བོའི་གཅིག་སྡུད་ཞབས་ཞུའི་དོན་ཚན་གྱི་ཁྱབ་ཁོངས་དང་། ཞབས་འདེགས་ཞུ་ཡུལ། སྒྲུབ་གཉེར(བདག་སྤྲོད)ཆ་རྐྱེན། དཔྱད་ཡིག་གི་གསལ་ཐོ། མཇུག་འབྲས་སྐྱེལ་སྤྲོད། བློ་འདྲིའི་ཐབས་ལམ། སྒྲུབ་གཉེར་བྱེད་ཐབས། སྒྲུབ་གཉེར་བརྒྱུད་རིམ་གྱི་པར་རིས་སོགས་གསེད་བཀྲོལ་ཞིབ་ཚགས་བྱས་པ་མ་ཟད། རིམ་ཁག་སྲིད་དོན་ཞབས་ཞུའི་སྡེ་ཚན་གྱིས“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”བྱེད་ཐབས་བེད་སྤྱོད་ནུས་ལྡན་ཐུབ་པར་བྱ་ཆེད། སྤྱི་དམངས་ཀྱི་གཉེན་སྒྲིག་དང་བུ་བཙའི་ཐོ་འགོད་ཀྱི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་ཐུབ”པ་དེ་ཞིང་ཆེན་ཡོངས་སུ་ཁྱད་མེད་བདག་སྤྲོད་དང་ཚད་གཞི་གཅིག་པའི་སྒྲུབ་གཉེར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།

    དོན་དངོས་ཀྱི་སྒྲུབ་གཉེར་ལས་དོན་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་དྲ་བ”ནས《མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་གཉེན་སྒྲིག་དང་བུ་བཙའི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”རེ་ཞུའི་རེའུ་མིག》དང་འབྲེལ་ཡོད་དཔྱད་གཞིའི་གློག་རྡུལ་པར་གཞི་སྤྲད་ཆོག་པ་དང་། གཉེན་སྒྲིག་ཐོ་འགོད་རེ་ཞུ་བྱེད་པའི་དུས་མཚུངས་སུ་བུ་བཙའི་ཐོ་འགོད་དང་། ཐེམ་ཐོའི་གཉེན་སྒྲིག་གནས་ཚུལ་ལ་འགྱུར་བ་བྱུང་བ། ཁྱོ་ཤུག་གི་ཐེམ་ཐོ་སྒྱུར་བའི་ལས་སྒོ་གཉེར་བ་བཅས་ཀྱི་རེ་ཞུ་བྱེད་ཆོག གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ས་གནས་ས་ཐོག་ཏུ་གཉེན་སྒྲིག་ཐོ་འགོད་བྱས་རྗེས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་འབྲེལ་ཡོད་གྲངས་གཞི་དག་སྤྱི་བདེ་སྡེ་ཚན་དང་དེ་བཞིན་འཕྲོད་བསྟེན་བདེ་ཐང་སྡེ་ཚན་ལ་བསྐྱལ་ཆོག་པ་དང་དུས་མཉམ་དུ་དོ་བདག་ལ་བུ་བཙའི་ཐོ་འགོད་དང་། ཐེམ་ཐོའི་གཉེན་སྒྲིག་གནས་ཚུལ་ལ་འགྱུར་བ་བྱུང་བ། ཁྱོ་ཤུག་གི་ཐེམ་ཐོ་སྒྱུར་བ་བཅས་བྱེད་ཆོག་ཅིང་། དོ་བདག་གིས་སྡེ་ཚན་མང་པོར་ཐོབ་ཐང་གི་ཆ་འཕྲིན་དང་གཉེན་སྒྲིག་ཐོ་འགོད་ཀྱི་ཆ་འཕྲིན་སོགས་དཔང་ཡིག་དང་དཔྱད་ཡིག་མཁོ་འདོན་བྱེད་དགོས་ཀྱི་མེད། “མང་ཚོགས་རྒྱུག་པའི་ཚབ་ཏུ་གྲངས་གཞིར”བརྟེན་པས་མང་ཚོགས་ཀྱི་དོན་དག་སྒྲུབ་སྐབས་ཧ་ཅང་སྟབས་བདེ་རུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།