ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་དེ་བས་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་གསར་པ་བྱུང་བ་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཡང་དེ་བས་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད་ཅེས་བརྗོད་པ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་དོ་སྣང་ཆེན་པོ་བྱུང་། ལྷག་པར་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས“སྒོ་དབྱེ་བསྟུན་མཁས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་བཏོན་གནང་ཡོད། མགྲིན་ཚབ་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་ཐོན་པའི་ནུས་པར་གདེང་འཇོག་ཇི་ལྟར་བྱེད་དམ་ཞེས་དྲིས།
མའོ་ཉིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང“མིའི་རིགས་ནི་གཅིག་ལ་གཅིག་བརྟེན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་རེད”“མཉམ་ལས་གཉིས་ཁེ་བྱས་ཚེ། གཞི་ནས་དོན་དག་སྒྲུབ་ཐུབ་པ་དང་། དོན་དག་ཡག་པོ་སྒྲུབ་ཐུབ་པ། དོན་དག་ཆེན་པོ་སྒྲུབ་ཐུབ”ཅེས་གསུངས་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་ཁྲིད་སྟོན་འོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་དུས་ཡུན་རིང་བ་དང་། རྒྱལ་མཚམས་སྒྲོལ་བ། བརྒྱུད་རིམ་ལྡན་པ་བཅས་ཀྱི་འཛམ་གླིང་གི་འདུ་འགོད་ཅིག་ཏུ་འཕེལ་རྒྱས་སོང་ཡོད། དེ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་ནང་དོན་གསར་པ་ཟམ་མི་ཆད་པར་བསྣན་ཡོད་ཅེས་བརྗོད་པ་རེད།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རིན་ཐང་དོན་གཉེར་བྱེད་པ་མངོན་ཡོད”“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། སྒོ་དབྱེ་ལྗང་མདོག་སྤྱོད་གཙང་གི་འདུ་ཤེས་འཛིན་པ། ཚད་གཞི་མཐོ་བ་དང་དམངས་འཚོར་ཕན་པ་རྒྱུན་མཐུད་ཆོག་པའི་དམིགས་ཚད་དོན་གཉེར་བྱེད་པ། ས་འབྲེལ་ཆབ་སྲིད་ཀྱི་འཐབ་འགྲན་མི་བྱེད་པ། ཕྱོགས་རྐྱང་བཀག་སྡོམ་དང་དཔལ་འབྱོར་བཙན་སྐུལ་ལ་ངོ་རྒོལ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཡོད་ཅེས་མའོ་ཉིང་གིས་བརྗོད་པ་རེད།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལག་ལེན་གྱི་ལས་སྟེགས་གལ་ཆེན་ཞིག་ཡིན”ལོ་10ཡི་རིང་རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་ཆེད་ལས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ལས་སྟེགས་20ལྷག་ཙམ་བཙུགས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་དང་རྒྱ་སྐྱེད་གཏོང་བ་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལས་སྟེགས་འདི་དེ་བས་སྣ་མང་ཕུན་སུམ་ཚོགས་སུ་འགྲོ་ངེས་རེད་ཅེས་མའོ་ཉིང་གིས་བརྗོད་པ་རེད།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གོ་སྐབས་གསར་པ་བསྐྲུན་རྒྱུ་རེད”“རྒྱུད་གཅིག་ལམ་གཅིག”ནི་མིའི་རིགས་ཐུན་མོང་ཡར་རྒྱས་ཡོང་བའི་གྲོས་འགོ་ཞིག་ཡིན་པས། རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཡོང་བར་ལམ་བུ་གསར་པ་བཏོད་ཡོད། དེས་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྒུལ་ནུས་དེ་བས་ཆེ་བ་འདོན་ཐུབ་ངེས་རེད་ལ། བར་མཐོངས་དེ་བས་ཆེ་བ་གཏོད་ཐུབ་ངེས་རེད་ཅེས་མའོ་ཉིང་གིས་བརྗོད་པ་རེད།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་གསར་པ་བྱུང་བ་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཡང་དེ་བས་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད”ཅེས་ཁོང་གིས་བརྗོད་པ་རེད།