དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གཞུང་ལམ་བསྐྲུན་ནས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-28

    ཀྲུང་གོ་ཧྲན་ཏུང་མྱུར་བགྲོད་ཚོགས་པས་མ་འཇོག་འཛུགས་སྐྲུན་བྱས་ནས་གཉེར་སྐྱོང་བྱས་པའི་བྷང་ག་ལའི་མཐོ་སྒྲོམ་མྱུར་བགྲོད་ལམ་ཐོག་མ་སྟེ། ཏ་ཁ་གནམ་ཐང་གི་མཐོ་སྒྲོམ་མྱུར་བགྲོད་ལམ་རྣམ་གྲངས(དུས་ཐེངས་དང་པོ)སུ་ཟླ་9ཚེས་2ཉིན་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་བྷང་ག་ལའི་རྒྱལ་ས་ཏ་ཁ་རུ་གཉེར་བ་རེད། རྣམ་གྲངས་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཏ་ཁ་གྲོང་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ་ལེགས་སུ་ཕྱིན་ཡོད། འདི་ནི་བྷང་ག་ལའི་ཏ་ཁ་གནམ་ཐང་གི་མཐོ་སྒྲོམ་མྱུར་བགྲོད་ལམ་རྣམ་གྲངས(དུས་ཐེངས་དང་པོ)ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཀོང་ཡུང་གིས་པར་བླངས།

    དི་ནི་ཕ་ཁི་སི་ཐན་གྱི་པེ་ཧྲ་ཝ་ནས་ཁཱ་ལ་ཆི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སུའུ་ཁུར་ནས་མུར་ཐན་བར་གྱི་ལམ་དུམ་ཡིན་པ།  ལི་ཀང་གིས་པར་བླངས། 

    འདི་ནི་ཁེན་ནི་ཡའི་ནེ་རོ་པིའི་མྱུར་བགྲོད་ལམ་ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་ལས་དོན་མི་སྣས་རླངས་འཁོར་སྐྱོད་པའི་གནས་ཚུལ་ལ་ལྟ་བཞིན་པ། ཁྲེན་ཝུན་ཅོ་ཡིས་པར་བླངས།

    སེ་ནེ་ཀལ་གྱི་ཏ་ཁར་མྱུར་བགྲོད་སྤྱི་སྤྱོད་རླངས་འཁོར་རྣམ་གྲངས་ནི་སེ་ནེ་ཀལ་གྱི་གྲོང་ཁྱེར་གྱི་མྱུར་བགྲོད་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་ཐོག་མ་དེ་རེད། ལམ་ཐག་སྤྱི་ལེ་18ཙམ་ཡོད་པའི་གཞུང་ལམ་དེས་ཏ་ཁར་གྱི་མི་འབོར་འདུས་ཚད་མཐོ་ཤོས་ཀྱི་སྡེ་ཁུལ་དང་ལྟེ་བའི་ཚོང་དོན་ཁུལ་བརྒྱུད་རྒྱུ་ཡིན་པ་དང་བསྐྲུན་ཟིན་རྗེས་རྒྱལ་སའི་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅིང་། འདི་ནི་ས་གནས་དེ་གའི་ལས་མིས་རྣམ་གྲངས་སྐྲུན་ཡུལ་དུ་སྤེལ་རེས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡཱ་ཧུའེ་ཡིས་པར་བླངས།

    འདི་ནི་པོ་ལི་ཝེ་ཡའི་ཨེར་ཨེ་སི་ཕི་ནུའོ་གཞུང་ལམ་རྣམ་གྲངས་ཀྱི་ལམ་ངོས་ཡིན་པ། ལིའུ་ཁང་ཉིང་གིས་པར་བླངས།

    ཀྲུང་ཤིན་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གྱིས་མཉམ་དུ་སྐྲུན་པའི་ཨར་ཅི་རི་ཡའི་ཤར་ནུབ་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་1216ཡོད་པ་དང་། ཤར་ཐུ་ནི་སི་དང་འབྲེལ་ཞིང་ནུབ་མོ་ན་ཁོ་དང་འབྲེལ་ཡོད། དེ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་སྤྱི་ཚོགས་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞིང་། འདི་ནི་ཨར་ཅི་རི་ཡའི་ཤར་ནུབ་མྱུར་བགྲོད་གཞུང་ལམ་W8ལམ་དུམ་ཡིན་པ། ཧོ་ཕིང་གིས་པར་བླངས།

    གནའ་བོའི་དར་གོས་ལམ་བུའི་རྔ་མོང་སྐྱེལ་འདྲེན་རུ་ཁག་གིས་ཚོང་དོན་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་དར་རྒྱས་ཀྱི་དཔང་པོ་བྱས་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་གྱི“གཞུང་ལམ་ཤར་གཏོང་ཐུབ་པ་དང་ལས་རིགས་ཀུན་དར”གྱི་རེ་བ་བསྐངས་ཡོད། གཞུང་ལམ་རེ་རེ་བཞིན“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཏུ་འཛུགས་སྐྲུན་དང་། ལས་མཇུག་འགྲིལ་བ། རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བྱུང་ནས“གང་འདོད་དུ་སྐྱོད་ཆོག་པ་དང་། དངོས་པོ་གང་འདོད་དུ་སྐྱེལ་འདྲེན་ཐུབ་པའི”རྣམ་པ་བཏོད་དེ་འཕེལ་རྒྱས་ཀྱི་ལམ་བུ་དང་ཕྱུག་འགྱུར་གྱི་ལམ་བུར་གྱུར་པ་མ་ཟད། རྒྱ་ཆེའི་དམངས་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་ནས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད།

    ཁེན་ནི་ཡའི་ནེ་རོ་པིའི་མྱུར་བགྲོད་ལམ།

    “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དོན་འཁྱོལ་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ནེ་རོ་པིའི་མྱུར་བགྲོད་ལམ་དེ་ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་འཛུགས་སྐྲུན་དང་། གཉེར་སྐྱོང་། རྩིས་སྤྲོད་ཀྱི་བྱེད་ཐབས་ཐོག་ནས་ཁེན་ནི་ཡ་སྲིད་གཞུང་དང་མཉམ་ལས་གསར་སྤེལ་བྱས་པ་ཞིག་རེད། རྣམ་གྲངས་དེ་2020ལོའི་ཟླ་9པར་ཕྱོགས་ཡོངས་ནས་སྐྲུན་འགོ་བཙུགས་པ་དང་2022ལོའི་ཟླ་7ཚེས་31ཉིན་དངོས་སུ་སྤྱོད་འགོ་ཚུགས་ཡོད། འདི་ལོའི་ཟླ་9པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་མྱུར་བགྲོད་ལམ་བུར་རླངས་འཁོར་ཁྲི་2200ལྷག་ཙམ་སྐྱོད་པ་དང་ལས་ཀའི་ཉིན་མོར་མྱུར་བགྲོད་ལམ་དུ་ཉིན་རེར་ཆ་སྙོམས་རླངས་འཁོར་སྐྱོད་ཚད་ཁྲི་6.8ཟིན་ཡོད། ནེ་རོ་པིའི་མྱུར་བགྲོད་ལམ་གྱིས་ད་དུང་ཁེན་ནི་ཡར་ETCཐོག་མར་བཙུགས་པས་ཤར་བགྲོད་ཐུབ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

    ནེ་རོ་པིའི་མྱུར་བགྲོད་ལམ་གྱིས་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། འཛུགས་སྐྲུན་དུས་མཚམས་སུ་རྣམ་གྲངས་དེས་ས་གནས་དེ་གར་ལས་གནས་6000ལྷག་ཙམ་བཏོད་དེ་ས་གནས་དེ་གའི་འགན་གཙང་ཚོང་པ་200ལྷག་ཙམ་དང་མཉམ་ལས་རྒྱ་ཁྱབ་བྱས་ཡོད། གཉེར་སྐྱོང་བྱེད་རིང་རྣམ་གྲངས་ཀྱིས་ས་གནས་དེ་གའི་ལས་བཟོ་600ལྷག་ཙམ་བསྡུས་པ་མ་ཟད། ས་ཁོངས་ཅན་གྱི་དོ་དམ་གཏིང་ཟབ་བྱས་པ་རེད།

    ཕ་ཁི་སི་ཐན་གྱི“སུའུ་མུའུ་ལམ་དུམ”གྱི་མྱུར་བགྲོད་གཞུང་ལམ།

    2019ལོའི་ཟླ་11པར་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་སྒྲོམ་གཞིའི་འོག་གི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཏེ། ཕ་ཁི་སི་ཐན་གྱི་པེ་ཧྲ་ཝ་ནས་ཁཱ་ལ་ཆི་བར ་གྱི་མྱུར་བགྲོད་གཞུང་ལམ་གྱི་སུའུ་ཁུར་ནས་མུར་ཐན་བར་གྱི་ལམ་དུམ(གཤམ་དུ“‘སུའུ་མུའུ་ལམ་དུམ’གྱི་མྱུར་བགྲོད་གཞུང་ལམ”ཞེས་བསྡུ་རྒྱུ)ལ་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

    “‘སུའུ་མུའུ་ལམ་དུམ’གྱི་མྱུར་བགྲོད་གཞུང་ལམ་སོགས་གཞུང་ལམ་རྣམ་གྲངས་རབ་དང་རིམ་པ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཆབས་ཅིག ཕ་ཁི་སི་ཐན་གྱི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད” ཕ་ཁི་སི་ཐན་གྱི་ནོར་སྲིད་པུའུ་ཀྲང་ཟུར་པ་སྨི་ཧྥུའུ་ཐ·དབྱི་སི་མེར་གྱིས་ཕ་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཚད་གཞི་མཐོ་བའི་གཞུང་ལམ་རབ་དང་རིམ་པས་ཕ་ཁི་སི་ཐན་གྱི་འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ་དང་ཞིང་ལས་དང་འཁེལ་འཐག་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཕ་ཁི་སི་ཐན་གྱི་ཕྱིར་གཏོང་ལེགས་ཆ་ཆེ་རུ་བཏང་བ་མ་ཟད། ཕ་ཁི་སི་ཐན་རྒྱལ་སྤྱིའི་ཐོན་ལས་མཉམ་ལས་ནང་ཞུགས་རྒྱུར་སྐུལ་འདེད་དེ་བས་ཆེ་བ་ཐེབས་ཡོད་ཅེས་བཤད་པ་རེད།

    པོ་ལི་ཝེ་ཡའི་ཨེར་ཨེ་སི་ཕི་ནུའོ་གཞུང་ལམ།

    མེ་གླིང་ལྷོ་མའི་རྒྱལ་ཁབ་པོ་ལི་ཝེ་ཡའི་ཤར་རྒྱུད་ཀྱི་ཧྲེང་ཁེ་ལུའུ་སི་ཞིང་ཆེན་དུ་ཟླ་9ཚེས་21ཉིན་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཨེར་ཨེ་སི་ཕི་ནུའོ་གཞུང་ལམ་དངོས་སུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

    ལམ་རྒྱུད་ཀྱི་ཚོ་པ་3དང་གྲོང་ཁུལ་2ལ་གཞུང་ལམ་སྤྱི་ལེ་15ལྷག་ཙམ་ཉམས་བཟོ་དང་། ཟམ་ཆུང་རྒྱག་པ། ས་གནས་དེ་གར་གནམ་གཤིས་ཧ་ཅང་ཞན་པར་ཁ་གཏད་གཅོག་པའི་འཐུང་ཆུའི་ཆུ་མཛོད་བསྐྲུན་པ། སློབ་གྲྭར་སློབ་སྦྱོང་དང་ལུས་རྩལ་མཁོ་ཆས་ཞལ་འདེབས་རྒྱག་པ། ཆུ་ལོག་གི་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚོ་བའི་དངོས་ཟོག་ཞལ་འདེབས་རྒྱག་པ་སོགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཀྲུང་གོའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་ས་གནས་དེ་གར་ཞབས་འདེགས་ཞུ་རོགས་བྱས་པར་ལམ་རྒྱུད་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།