དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་ལ་བརྟེན་འཕེལ་རྒྱས་སྐུལ་འདེད་བཏང་། བློ་སེམས་གཅིག་སྒྲིལ་འབད་འབུངས་མདུན་སྐྱོད་བྱེད།

    —— རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུཌ་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-28

    “བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་དང་། བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་པས། བོད་རིགས་དང་མི་རིགས་གཞན་དབར་གྱི་སྤེལ་རེས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད”

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་བོད་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

    “དགའ་བདེ་མཚོ་མོར་སྒོར་5000”ཟླ་2ཚེས་10ཉིན་དགྱེ་གླིང་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་ཤིང་ཁེ་སྤོགས་བགོ་བའི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

    གྲོང་ཚོའི་མཉམ་སྡེབ་ཀྱིས་ནགས་གསེབ་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་མོན་པ་རིགས་ཀྱི་མང་ཚོགས་དགའ་བདེ་མཚོ་མོས་ཁོང་ཚོའི་ཁྱིམ་གྱི་ཁེ་སྤོགས་ཐེངས་གཉིས་པ་དེ་བླངས་པ་རེད།

    མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་ཐག་རིང་ལུང་ཁུག་གྲོང་ཚོ་ཞིག་རེད། དེ་གར་མོན་པ་རིགས་འཚོ་སྡོད་བྱེད་སའི་གྲོང་ཚོ་ཞིག་ཡིན་པ་དང་། ས་ཞིང་ཉུང་ལ་འགྲིམ་འགྲུལ་སྟབས་བདེ་མེད་པས་གྲོང་མི་ཚོས་ཆུ་འབྲས་དང་ཨ་ཤོམ་ཅུང་ཟད་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་ལོ་གཅིག་ནང་ལྟོ་གོས་འཕྱིད་ཙམ་ལས་མེད། 2013ལོར་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས་གྲོང་ཚོས་གྲོང་མི་ཚོར་ཇ་ཤིང་འདེབས་པ་དང་། ནགས་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བ། མོག་རོ་དང་ཤ་མོ་སོགས་འདེབས་སུ་བཅུག་པས་ལོ་དེ་རང་ལ་ལོ་ལེགས་བྱུང་བ་དང་། གྲོང་མི་ཚོའི་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།

    2018ལོར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཧོང་ཅ་པིན་དེ་གའི་གྲོང་སྡོད་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་པ་དང་འབྲེལ་དགྱེ་གླིང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོའི་འགན་འཁུར་ཡོད།

    ཐོན་ལས་རྣམ་གྲངས་བརྩོན་ལེན་དང་། གྲོང་མིའི་མཚན་མོའི་སློབ་གྲྭ་གཉེར་བ། སྐར་གསོག་གཅེས་སེམས་སྒོ་རྩིས་ཚོང་ཁང་བཙུགས་པ། ཇ་ལོ་འཐུ་བའི་གསོ་སྦྱོང་གཉེར་བ་སོགས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཧོང་ཅ་པིན་གྱིས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཇ་ཞིང་དང་། འབྲས་དམར། སྨན་རྩྭ་བཅས་བཏབ་སྟེ་གྲོང་གཉེར་ཁེ་ལས་འཚོལ་ཞིབ་བྱས་ནས་བཙུགས་པ་རེད། དེ་དང་ཆབས་ཅིག་དགྱེ་གླིང་གྲོང་ཚོའི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་གསར་བརྗེའི་ཡུལ་སྐོར་དང་སྐྱེ་ཁམས་ལུས་གསོའི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་བཏོད་ཡོད། 2022ལོའི་བར་དགྱེ་གླིང་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་120ལས་བརྒལ་བ་དང་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་དངུལ་འབོར་སྒོར་ཁྲི་400ལས་བརྒལ་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    “དེ་སྔ་ང་ཚོའི་གྲོང་ཚོ་བྱེ་ཐང་དུ་འགྱུར་ཚད་ཚབས་ཆེ་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་རྗེས་ལུས་ཡིན་པ། གྲོང་མིས་གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་གཞན་དག་གང་ཡང་མེད། བོད་སྐྱོར་ལས་དོན་རུ་ཁག་སླེབས་རྗེས་ང་ཚོ་དང་མཉམ་དུ་ཤིང་འཛུགས་བྱེ་བཅོས་དང་གྲོང་ཚོའི་ཁོར་ཡུག་མཛེས་སུ་བཏང་བ་མ་ཟད། ད་དུང་ཡུལ་བབ་དང་བསྟུན་ནས་གྲོང་མིའི་བེད་མེད་དུ་བཞག་པའི་ཁང་པ་རྙིང་པ་དག་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས་པ་དང་གཞི་ཁྱོན་ལྡན་པའི་བྱེ་ཐང་བྱེས་བགྲོད་སྦག་སྦག་སྒར་སར་བསྐྲུན་པ། ནགས་ཚལ་ཡུལ་སྐོར་བས་དགའ་པོ་བྱེད་པའི་གླིང་ཁར་བསྒྱུར་བ་བཅས་བྱས་པས་ང་ཚོས་ཀྱང་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་པ་བྱུང”ཞེས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོང་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྤེན་པ་ཚེ་རིང་གིས་བཤད། བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་དང་རྒྱབ་སྐྱོར་འོག 2022ལོར་སླེའུ་ཆུང་གྲོང་ཚོའི་གྲོང་མིའི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་20596ཟིན་ནས་ས་གནས་དེ་གར་སྐད་གྲགས་ཆོད་པའི“ཕྱུག་པོའི་གྲོང་ཚོར”གྱུར་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་ནི་རང་ལྗོངས་སུ་སྐད་གྲགས་ཆོད་པའི“གྲགས་ཅན་གྲོང་ཚོ”ཞིག་རེད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས“ཡུལ་སྐོར+”གྱི་ལས་དོན་ཡག་པོ་བསྒྲུབས་ནས། ཡུལ་སྐོར་སྤུས་རྟགས་སྣ་ཚོགས་སྐྱེད་སྲིང་བྱས་པ་དང“མཐུན་སྒྲིལ་ལ་བསྟོད་པའི”འགྲེམས་སྟོན་ཁང་གཉེར་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་བས་མང་ཚོགས་ཚོར“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ”བྱུང་བ་དང་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད། 2022ལོར་ཀ་ལ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1206.1ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.59ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།