དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ》ཡི་བསླབ་གཞི་རང་ལྗོངས་ཀྱི་མཐོ་སློབ་ཏུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-28

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིའི་ནང་འགོད་པ་དང་། སློབ་ཁང་དུ་འཁྲིད་པ། བསམ་བློར་ཟུག་པ་བཅས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་དེ་བས་ཡག་པོ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུས་སློབ་གསོ་པུའུ་དང་མཉམ་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ》(གཤམ་དུ《མདོར་བསྟན་པ》ཞེས་བསྡུ་རྒྱུ)རྩོམ་སྒྲིག་བྱས་པ་དང་། ཉེ་ཆར་བསླབ་གཞི་དེ་དངོས་སུ་དཔེ་སྐྲུན་བྱས་པ་དང་འབྲེལ། 2023ལོའི་སྟོན་དུས་ཀྱི་སློབ་དུས་སུ་རང་ལྗོངས་ཀྱི་མཐོ་སློབ་ཏུ་སྤྱོད་འགོ་ཚུགས་ཡོད།

    བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས། བོད་ལྗོངས་སློབ་ཆེན་གྱིས་2022ལོའི་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མདོར་བསྟན་པ་ཡི་སློབ་ཚན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“2023ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་རྗེས། ང་ཚོས《མདོར་བསྟན་པ》ཡི་བསླབ་གཞི་དུས་ཐོག་ཏུ་མངག་ཉོ་དང་། སྤྲོད་པ། བེད་སྤྱོད་བཅས་བྱས་ནས། སློབ་ཚན་མ་ཁྲིད་གོང་གི་གྲ་སྒྲིག་ལས་དོན་ཧུར་ཐག་སྒྲུབ་པ་དང་། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ལ་ལས་སྒོའི་འཇོན་ཐང་ཆེ་བའི་དགེ་རྒན་བདམས་ཏེ་སློབ་ཚན་འཁྲིད་པ། བསླབ་གཞིའི་ནང་དོན་གཙོ་བོ་དང་གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པ། སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་བསླབ་གཞིའི་ལེགས་ཆ་སློབ་ཁྲིད་ཀྱི་ལེགས་ཆར་བསྒྱུར་ཡོད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《མདོར་བསྟན་པ》ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པའི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་ཞིག་དང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དབང་གྲགས་ལྡན་པའི་ཀློག་དེབ་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བསླབ་གཞི་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་བཅས་རེད། 《མདོར་བསྟན་པ》དེ་མཐོ་སློབ་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བས་གང་ལེགས་སྤྱད་ནས་བློ་སྦྱོང་བསླབ་སྐྱོང་དང་། གཞོན་ནུ་སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་ལ་ཧུར་ཐག་འགྱུར་བ་བཅས་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།