གློག་སྐས་ཧུར་ཐག་བཟོས་ནས“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ལ་མཁོ་འདོན་བྱེད་པ།
ཟླ་10ཚེས་23ཉིན། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་ཏུང་ཝུའུ་གྲོང་རྡལ་དུ་ཡོད་པའི་ཉིང་པོ་ཧུང་ཏཱ་གློག་སྐས་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་དུ། བཟོ་པས་མངགས་ཐོའི་གློག་སྐས་ཧུར་ཐག་བཟོས་ནས་པེ་ལུན་གྲུ་ཁར་དབོར་ཏེ་ཁོ་ལོམ་པི་ཡ་དང་། ལྷོ་ཨ་ཧྥེ་རི་ཁ། དབྱི་རག མོ་ཞི་ཁོ། ཧིན་རྡུ་ཉི་ཞི་ཡ། འཛམ་གླིང་དབུས་ཤར་སོགས་སུ་མཁོ་འདོན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་དང་ས་གནས་དེ་གའི་མི་དམངས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཟབ་ཏུ་འགྲོ་བར་རམ་འདེགས་བྱས་པ་རེད། འདི་ནི་ཀྲེ་ཅང་ཞིང་ཆེན་ཉིང་པོ་ཧུང་ཏཱ་གློག་སྐས་ཚད་ཡོད་ཀུང་སིའི་བཟོ་པས་ཕྱིར་གཏོང་གློག་སྐས་དབོར་བའི་རྣམ་པ་ཡིན་པ།