དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུ་ཡུལ་ཤུལ་གྱི་བདེ་སྐྱིད་དང་ཡར་ཐོན་གྱི་སྟོབས་ཤུགས་ཉམས་སུ་མྱོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-27

    “དུས་རབས་གསར་པ་དང་། མཚོ་སྔོན་གསར་པ། རྒྱང་ལམ་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་གྲོང་ཁྱེར་དང་ཀྲོའུ་ཡི་འགྲེམས་ཁུལ་གྱི་ཡུལ་ཤུལ་འགྲེམས་ཁུལ་དུ་སྐྱོད་སྐབས། ཕུན་སུམ་ཚོགས་པའི་པར་རིས་དང་། དངོས་པོ། དཔེ་དབྱིབས། བརྙན་ཐུང་སོགས་ཀྱི་འགྲེམས་སྟོན་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་བཀའ་དྲིན་ཚོར་བཞིན་འབད་འབུངས་མདུན་སྐྱོད་བྱས་ནས“བདེ་ཐང་དང་དེང་དུས་ཀྱི་བདེ་སྐྱིད་འཚོ་བར་རོལ་བའི”མངགས་བཅོལ་ཟབ་མོ་དེང་གི་མཛེས་སྡུག་ལྡན་པའི་དངོས་ཡོད་ཀྱི་གཡུར་ཟའི་གྲུབ་འབྲས་ལ་གྱུར་པ་ལྟད་མོ་བ་ཚོས་མྱོང་ཚོར་ཟབ་མོ་ཐུབ་ཡོད།

    ཡུལ་ཤུལ་འགྲེམས་ཁུལ་དུ་སྐྱོད་སྐབས་དངོས་པོའི་ཁུལ་དུ་འགྲེམས་སྟོན་བྱས་པའི་གསའ་ཡི་མ་དཔེས་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་ངེས། གྲངས་གཞི་དང་པར་རིས་རེ་རེ་ལས་ཡུལ་ཤུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པ་དང་། གསའ་དང་གཟིག་ཁྲ་སོགས་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་པ་གསོན་ཉམས་དོད་པོས་མཚོན་ཡོད། འགྲེམས་ཁུལ་ཧྲིལ་པོར“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བྱས་རྗེས་ཆེན་པོ་འཇོག”དང་། “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག” “མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག”སོགས་ཀྱི་ཚན་ཁག་བཀོད་སྒྲིག་བྱས་ནས། ཡུལ་ཤུལ་ཀྲོའུ་ཡིས“སྐྱེ་ཁམས་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས”དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་པ། འབྱུང་རྩ་ནས་འགན་འཁྲི་འཁུར་བ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་མཁན་གྱི་འགན་འཁྲི་དང་པོ་འཁུར་ནས་ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་འབྲོག་ལས་བཅས་སྒྲོམ་གཞིར་བྱས་པའི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཀྱིས་བཙུགས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་ཁུལ་གྱི་འདེམས་ཁུལ་ཐོག་མ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཏོང་ཁུལ་གཙོ་བོ་གཏོད་པའི་འཐབ་ཇུས་དམིགས་ཚད་ལ་དམིགས་ནས་གྲུབ་ཆ་ལེགས་སྒྲིག་དང་། བྱེད་སྟངས་བསྒྱུར་བ། ཕན་འབྲས་མཐོར་གཏོང་བཅས་ལ་ཤུགས་རྒྱག་པ་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས་དང་སྐྱེ་ཁམས་འབྲོག་ལས་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཡག་པོ་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “རི་བོ་གཉིས”ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་ལྗང་མདོག་གི་བདེ་རྩ་དེ་བས་མང་བ་དང་། དེ་བས་ཀུན་ཕན། དེ་བས་རྒྱུན་མཐུད་ཆོག་པ་བཅས་ལོངས་སྤྱོད་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་ཏུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པ། དམངས་འཚོ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ཆབ་སྲིད་དྭངས་གཙང་དང་། ཡ་རབས་ཞི་མཐུན། མི་དམངས་བདེ་སྐྱིད”བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་ཡུལ་ཤུལ་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།