དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤོ་བོ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྣམ་གྲངས་སྐྲུན་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-27

    ཉིན་ཤས་བསྟུད་མར་སྤོ་བོ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་བྱ་ཐབས་ནུས་ལྡན་སྤྱད་དེ“ཉིན་20ཡི་རིང་ལས་ཀ་ཧུར་ཐག་བྱས་ཏེ་མྱུར་ཚད་དང་སྤུས་ཚད་མཉམ་འཛིན”གྱི་འབོད་ཚིག་བསྒྲགས་ནས། ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤོ་བོ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཁེ་ལས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས། རྣམ་གྲངས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་ལྷག་པའི་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཐུན་མོང་རང་བཞིན་གྱི་གནད་དོན་ཁག་3གསེད་བཀྲོལ་བྱས་པ་དང་འབྲེལ། ཆེད་མི་བཀོད་སྒྲིག་བྱས་ནས་རྗེས་སྙེག་ཐག་གཅོད་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་ཤང་གྲོང་དང་མཉམ་འབྲེལ་གྱིས་ཨར་སྐྲུན་བྱ་ཡུལ་དུ་བཅར་འདྲི་དང་མཐིལ་རྟོགས་གྲལ་བཤེར་བྱས་ནས་འགལ་བ་དང་རྩོད་གཞི་ཁག་2བསལ་བ། ཇུས་འགོད་ཚན་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་གཅིག་སྡུད་བརྟག་དཔྱད་བྱེད་པར་མངགས་ནས། ལག་རྩལ་གྱི་དོགས་གནད་1ཐག་གཅོད་བྱས་ཏེ་འགག་རྩའི་ལྷུ་ཚིགས་དུས་བཀག་ལྟར་འགག་སྒྲོལ་ཐུབ་པ་དང་རྣམ་གྲངས་འཛུགས་སྐྲུན་ཕན་འབྲས་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། ས་གནས་ས་ཐོག་ཏུ་ལྟ་འདོམས་དང་བརྒྱུད་རིམ་ལ་ལྟ་སྐུལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་སྔོན་འགོག་ལ་དམ་འཛིན་བྱས་ཏེ། གལ་ཆེའི་གནས་དང་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་ཐོག་ཚོད་འཛིན་དང་ལྟ་འདོམས་བྱས་པ་དང་། ལྟ་འདོམས་ཚན་པས་རང་འགུལ་ངང་རྣམ་གྲངས་ལ་ཕན་ཚུན་ཞིབ་བཤེར་བྱེད་པའི་བྱེད་སྒོ་སྤེལ་ཏེ། ནང་ངོས་སུ་སྤུས་ཚད་ལ་དམ་འཛིན་དང་ཕྱིར་གཟུགས་བརྙན་བཏོད་ནས། བདེ་འཇགས་འགན་ལེན་དང་མྱུར་ཚད་བརྩོན་ལེན་བྱས་ཤིང་། ལག་རྩལ་བགྲོ་གླེང་ཚོགས་འདུ་སྒྲིག་འཛུགས་བྱས་ནས“དོགས་གནད་དང་དཀའ་གནད་ཆེ་བའི”གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱས་ཏེ། རྣམ་གྲངས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ལས་གྲྭ་རྩེ་གྲས་ཤིག་ཏུ་སྐྲུན་ཐུབ་པའི་བརྩོན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་འདིར་སྤོ་བོ་རྫོང་གི་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གསར་སྐྲུན་བྱེད་པའི་རྣམ་གྲངས་ཁག་5ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་6900བཏང་བ་དང་། ཟླ་3པར་ལས་འགོ་ཚུགས་པ་ནས་བཟུང་རྣམ་གྲངས་1བསྐྲུན་ཟིན་པ་དང་། རྣམ་གྲངས་གཞན་དག་གི་འཕེལ་རིམ་93%ཡན་ཟིན་པ། སྔོན་དཔག་བྱས་ན་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་ཚད་སྔོན་དཔག་གི་འཛུགས་སྐྲུན་དམིགས་ཚད་ལས་ཟླ་བ་གཉིས་ཀྱི་གོང་དུ་ལེགས་སྒྲུབ་ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།