དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་སྨད་པ་གྲོང་ཚོས་འདྲེ་ཚེར་མ་བཏབ་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-27

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་སྨད་པ་གྲོང་ཚོའི་འདྲེ་ཚེར་མའི་རྟེན་གཞིར་སྐྱོད་སྐབས་ཡུག་ཅིག་སྦྲེལ་བའི་འདྲེ་ཚེར་མའི་འབྲས་བུའི་ཁུར་གྱིས་དུད་དེ་དྲི་བསུང་གང་སར་འཐུལ།

    འཐུ་ཡུལ་དུ་སྨད་པ་གྲོང་ཚོའི་མང་ཚོགས་ཀྱིས་ཞིང་དལ་དུས་ཚིགས་ལ་དམ་འཛིན་བྱས་ནས་འདི་ལོའི་འདྲེ་ཚེར་མ་སོས་པ་འཐུ་བའི་ལས་ལ་བྲེལ་བཞིན་མཆིས། ཡུད་ཙམ་ཞིག་ལ་དམར་ཆིལ་ཆིལ་གྱི་འདྲེ་ཚེར་མ་སླེལ་པོ་ལྡག་ལྡག་ཁེངས། ལམ་ཆུང་དུ་འདྲེ་ཚེར་མ་བླུགས་པའི་ཞིང་སྤྱོད་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་ཞིང་ནང་དུ་ལོ་ལེགས་ཀྱིས་ཁེངས།

    ད་ཕན་ལོ་ཤས་རིང་། བུ་ཆུ་ཤང་གིས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ཞིང་ལས་ལས་ཕྱོད་ཕྱེ་བ་དང་ཞིང་པའི་ཡོང་འབབ་འཕར་བར་དམིགས་ནས། མང་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཡོད། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད། སྨད་པ་གྲོང་ཚོར“གྲོང་ཚོའི་ཏང་ཀྲི་པུའུ+ཞིང་དུད”ཀྱི་འཕེལ་རྒྱས་བསམ་ཕྱོགས་ཆགས་པ་དང་འདྲེ་ཚེར་མའི་ཐོན་ལས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཁྲིད་ཐོན་ལས་སུ་གྱུར་པར་བྱས་ནས་གྲོང་མི་གྲོང་གསེབ་འཕེལ་རྒྱས་ལ་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ་ཞིང་ལས་ལས་ཕྱོད་ཕྱེ་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ནས་ཐོན་ལས་དར་རྒྱས་མངོན་འགྱུར་བྱུང་ཡོད།

    “སྔོན་མ་གྲོང་ཚོའི་ས་ཞིང་ཚང་མར་ནས་དང་། གྲོ མ་རྨོས་ལོ་ཏོག་སོགས་ཞིང་ནང་སྐྱེ་དངོས་འདེབས་ཀྱི་ཡོད་པས་ཐོན་འབབ་དེ་ཙམ་བརྟན་པོ་མེད། ད་ཆ་འདྲེ་ཚེར་མ་བཏབ་པས་ལོ་གཅིག་ལ་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་རག་གི་འདུག”ཅེས་སྨད་པ་གྲོང་ཚོའི་གྲོང་མི་ནོར་བུས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།