དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡོད་མལ་ཁོར་ཡུག་གཙང་ཞིང་སྐྱིད། གྲོང་གསར་བཀོད་པ་རྨད་དུ་བྱུང་།

    —— སྣང་རྫོང་དུང་དཀར་གྲོང་རྡལ་དུད་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དར་རྒྱས་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-27

    སྣང་རྫོང་དུང་དཀར་གྲོང་རྡལ་དུད་གྲོང་ཚོ་ནི་སྣང་རྫོང་གི་ཁག་དང་པོའི་གྲོང་ཚོ་ཧྲིལ་པོ་གནས་སྤོ་བྱས་པའི་གྲོང་ཚོའི་གྲས་ཤིག་རེད།

    གནས་སྤོ་མ་བྱས་གོང་གི་དེ་སྔའི་དུད་གྲོང་ཚོའི་དུད་ཚང་12ཀྱི་མང་ཚོགས་རྣམས་ཐག་རིང་ལུང་ཁུག་གི་དཀར་གོང་ལུང་ཤུར་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། འཐུང་ཆུ་དཀོན་པ་དང་། སློབ་གྲྭར་སྐྱོད་དཀའ་བ། ནད་ལྟ་དཀའ་བ། འགྲོ་སྐྱོད་དཀའ་ལ། གློག་ཀྱང་ཤར་གཏོང་ཐུབ་མེད། “2003ལོར་གནས་སྤོ་བྱས་རྗེས་འཚོ་བ་ཉིན་རེ་ལས་མ་འདས་པར་ལེཌ་སུ་ཕྱིན་པ་དང་ལྷག་པར་དུ་ལོ་བཅུའི་རིང་ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོ་ནད་ལྟ་བར་སྨན་བཅོས་འགན་བཅོལ་ཡོད་པ་དང་། འགྲོ་སྐྱོད་བྱེད་སྐབས་རླངས་འཁོར་ཡོད་པ། རང་འབབ་ཆུ་ཀ་ལ་ཡོད་པས། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་སོང”ཞེས་དུད་གྲོང་ཚོའི་གྲོང་མི་བློ་བཟང་བཀྲ་ཤིས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་། སྣང་རྫོང་དུང་དཀར་གྲོང་རྡལ་དུད་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་རྒྱུ་གཙོ་རྐང་དུ་བྱེད་པ་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་ལྟེ་བར་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི“དོན་ཆེན་བཞིར”དམིགས་ཏེ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། ཞན་ཆ་སེལ་བ། ཁྱད་ཆོས་སྔོག་འདོན་བཅས་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“བརྟན་ཐོག་ཡར་འཕེལ་དང་དར་རྒྱས་གོང་འཕེལ་གྱི”འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འཕྲུལ་ཆས་བོགས་མར་བཏང་བས་མཉམ་སྡེབ་དཔལ་འབྱོར་གོང་དུ་འཕེལ་བ།

    2017ལོར་དུད་གྲོང་ཚོས་ཀྲི་པུའུ་ཡིས་སྣེ་ཁྲིད་དང་ཏང་དང་མང་ཚོགས་ཀྱིས་མཉམ་དུ་བསྐྲུན་པའི་འཕེལ་རྒྱས་གཏོང་སྟངས་བརྒྱུད། གྲོང་ཚོ་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་95གྲབས་གསོག་བྱས་ནས་རྐོ་འདྲུའི་འཕྲུལ་འཁོར་ཉོས་ཏེ་འཕྲུལ་ཆས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    རྐོ་འདྲུའི་འཕྲུལ་འཁོར་ཉོས་རྗེས་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་རྐོ་འདྲུའི་འཕྲུལ་འཁོར་བོགས་མར་གཏོང་བའི་གོ་སྐབས་བརྩོན་ལེན་བྱས་ནས་ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ཏེ་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་བདག་སྐྱོང་གི་ལས་འགན་འཁུར་དུ་བཅུག་ཡོད། 2022ལོར་དུད་གྲོང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་འཛུཌ་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ནས་གྲོང་ཚོའི་མཉམ་སྡེབ་རྐོ་འདྲུའི་འཕྲུལ་འཁོར་བོགས་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་འབབ་འཕར་སྒོར་ཁྲི་15ལྷག་ཙམ་བྱུང་ཡོད། མིག་སྔའི་བར་རྐོ་འདྲུའི་འཕྲུལ་འཁོར་བོགས་མར་བཏང་བ་བརྒྱུད་ལོ་ལྟར་དུད་ཚང་རེར་ཁེ་སྤོགས་སྒོར་5000ནས་8000བར་རག་ཡོད་པ་རེད།

    འབྲི་གཡག་གསོ་ཚགས་བྱས་པས་ཁྱད་ལྡན་ཐོན་ལས་དར་ཞིང་རྒྱས་པ།

    དུད་གྲོང་ཚོར་ཐུན་མོང་མ་ཡིན་པའི་རང་བྱུང་འབྲོག་ར་ཡོད་མོད། འོན་ཀྱང་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ཀྱི་ཚོད་འཛིན་ཕོག་ནས་འབྲི་གཡག་གསོ་ཚགས་ཀྱིས་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་པོ་མེད།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད། 2021ལོར་དུད་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས“སྣེ་ཁྲིད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འབྲི་གཡག་གསོ་ཚགས་དང་སྔོ་ཚལ་དྲོད་ཁང་དོ་དམ་སྲུང་སྐྱོང་སོགས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ། སྔ་རྗེས་སུ་འབྲི་གཡག་དུས་ཐུང་རྒྱགས་གསོ་དང་བོད་སྐྱོར་འབྲི་གཡག་གསོ་ཚཌ་རྣམ་གྲངས་རེ་ཞུ་དང་ལག་བསྟར་བྱས་ནས་འབྲི་གཡག་གསོ་ཚགས་ཐོན་ལས་དེ་མང་ཚོཌ་ལ་འབབ་འཕར་ཡོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར།

    2022ལོར་གྲོང་ཚོ་མཉམ་སྡེབ་ཀྱིས་འབྲི་གཡག་མགོ་གྲངས་40བཙོངས་པར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་བ་དང་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་26གི་མང་ཚོགས་ལ་ཆ་སྙོམས་ཁེ་སྤོགས་སྒོར་9000བགོས་པ་རེད། གྲོང་ཚོའི་མཉམ་སྡེབ་འབྲི་གཡག་གསོ་ཚགས་ཐོན་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པ་དང་། “མི་ཚང་མ་ཐེ་ཞུགས་བྱེད་པ་དང་། ཚང་མར་འགན་འཁྲི་ཡོད་པ། ཚང་མར་ཕན་པ་ཐོབ་པ”བཅས་བྱ་རྒྱུ་དེ་རིམ་བཞིན་དུད་གྲོང་ཚོའི་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དུ་གྱུར་ཡོད།

    བོད་སྨན་རྒྱུ་ཆ་འདེབས་འཛུགས་བྱས་པས་མང་ཚོགས་ཕྱུག་པོར་གྱུར་པ།

    ཉེ་བའི་ལོ་ཤས་རིང་། དུད་གྲོང་ཚོས་བོད་སྨན་སྨན་རྒྱུ་འདེབས་འཛུགས་བྱ་རྒྱུ་དེ་ཐོན་ལས་དར་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྲོམ་རའི་བརྟག་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་ཕྱིར་ཉམས་མྱོང་གསོག་པར་བསྐྱོད་དེ་བོད་སྨན་སྨན་རྒྱུའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    2022ལོར་གྲོང་ཚོའི་མཉམ་སྡེབ་རྩ་འཛུགས་ཀྱི་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རི་སྐྱེས་ཁམ་བུ་འཐུ་བ་དང་ཕྱིར་ཚོང་བྱས་པར་གྲོང་ཚོ་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད། 2023ལོའི་ཟླ་6པར། དུད་གྲོང་ཚོས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་རྩེ་གྲ་བརྒྱ་འཛུགས་སྐྲུན་གྱི་མ་དངུལ་ལ་བརྟེན་ནས་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རི་སྐྱེས་ཁམ་སྡོང་སྤོ་འཛུགས་དང་ཆུ་འདྲེན་མདོང་ལམ་བཟོ་བ་སོགས་ཀྱི་ལས་དོན་སྤེལ་ནས་རི་སྐྱེས་ཁམ་བུ་མུའུ་36གཅིག་སྡུད་ཐོག་ཚོད་འདེབས་བྱས་པ་རེད། འདི་ལོའི་ཟླ་8པའི་ཟླ་མཇུག་བར། རི་སྐྱེས་ཁམ་བུ་རྒྱ་མ་5500ལྷག་ཙམ་བཙོངས་པར་གྲོང་ཚོ་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་3.8ལྷག་ཙམ་བྱུང་བ་དང་། རི་སྐྱེས་ཁམ་བུ་དེ་ཡང་རིམ་བཞིན་གྲོང་མི་ཚོའི“ཕྱུག་འགྱུར་འབྲས་བུ”དང“སེམས་སྐྱིད་འབྲས་བུར”གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།