དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-27

    ཟླ་10ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་བསྔགས་བརྗོད་གནང་བ་མ་ཟད། འབུམ་རམས་པ་ཅི་ཤིན་ཀེར་བྱ་དགའ་ཐོབ་པར་རྟེན་འབྲེལ་ཡང་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིའི་དབར་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་གཏན་འཁེལ་བྱེད་ཐུབ་མིན་དེ་འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གསུམ་ལ་གཞིགས་ནས། ཨ་རི་ཕྱོགས་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ། ཕན་ཚུན་གྲུབ་འབྲས་ཐོབ་རོགས་བྱེད་པ་དང་། ཐུན་མོང་དར་རྒྱས་ཡོང་བ་བྱེད་པ་བཅས་ལ་བརྟེན་ནས། རྒྱལ་ཁབ་གཉིས་ལ་བདེ་རྩ་སྐྲུན་པ་དང་འཛམ་གླིང་ལ་ཕན་པ་འདོགས་འདོད་ཡོད། ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ལས་རིགས་ཁག་གི་གྲོགས་པོ་ཚོས་ཀྲུང་ཨའི་འབྲེལ་བར་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

    ཉིན་དེར་ཨ་རིའི་ཙུང་ཐུང་པའེ་ཀྲེང་གིས་ཀྱང་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།