དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་ཞིབ་བཟོ་ལེགས་སྒྲིག་གི་དུས་མཚམས་ལ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-26

    ཉེ་ཆར། ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་ཞིབ་བཟོ་དང་ལེགས་སྒྲིག་གི་དུས་མཚམས་སུ་སླེབས་ནས་སྔོན་དཔག་བྱས་ན་ལོ་འདིའི་ནང་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་དུམ་ནི་རང་རྒྱལ་གྱི《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ནང་གི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ལམ་བར་དུ་ས་མཐོའི་གངས་རི་བརྒྱུད་དགོས་ཀྱི་ཡོད་པ་དང་། ལམ་ཐིག་ཧྲིལ་པོའི་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་བ་དང་། དུས་ཚིགས་དང་ཉིན་མཚན་དབར་གྱི་དྲོད་ཚད་ཧེ་བག་ཆེ་བས་ལམ་ཐིག་ཞིབ་བཟོ་དང་ལེགས་སྒྲིག་བྱེད་ཁག་པོ་ཡོད་པ་རེད། འདི་ནི་གཞུང་ལམ་བདག་སྐྱོང་འཕྲུལ་འཁོར་ཆེ་གྲས་ཀྱིས་ལམ་ཐིག་ཞིབ་བཟོ་དང་ལེགས་སྒྲིག་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།