དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་2023ལོའི་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ལས་རིགས་ལག་རྩལ་སློབ་གྲྭར་མཚོ་སྔོན་ཞིང་ཆེན་གྱི་2023ལོའི་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་ཤིང་། དེ་ནི་མཚོ་སྔོན་གྱིས་སློབ་གསོའི་ཁོངས་གཏོགས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་འདོན་སྤེལ་དང་། དམངས་ཡོངས་ཀྱི་དཔེ་ཀློག་ཐོན་ཁུངས་བསྡུ་སྒྲིལ། ཁྱིམ་ཚང་དང་། སློབ་གྲྭ མཉམ་ལས་ཁང་བཅས་ཀྱི་མཉམ་འགུལ་ནུས་པ་འདོན་སྤེལ། དམངས་ཡོངས་ཀྱི་དཔེ་ཀློག་ཁོར་ཡུག་གཏོད་པ་བཅས་བྱས་ནས་མི་ཚང་མས་སློབ་སྦྱོང་བྱེད་ཐུབ་པ་དང་། གང་སར་སློབ་སྦྱོང་བྱེད་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་ཐུབ་པ་བཅས་ཀྱི་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་དང་སློབ་སྦྱོང་རྣམ་པའི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད་ཐབས་ལམ་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད།

    མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ས་གནས་ཁག་གིས་སློབ་གསོའི་སྡེ་ཚན་གཙོ་བོར་བྱེད་པ་དང་སྡེ་ཚན་མང་པོའི་མཐུན་སྦྱོར་ལ་བརྟེན་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོའི་གཟའ་འཁོར་སྐབས་བརྒྱད་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་སློབ་གསོ་པུའུ་དང་འབྲེལ་ཡོད་སྡེ་ཚན་གྱི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད། མིག་སྔར་མཚོ་སྔོན་ལ་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི“མི་སེར་གྱི་སློབ་སྦྱོང་སྐར་ཆེན”31དང་། “བྱས་རྗེས་ལ་མི་སེམས་འགུལ་བའི་མི་སེར་གྱི་སློབ་སྦྱོང་སྐར་ཆེན”2 “ཚེ་གང་སློབ་སྦྱོང་གི་སྤུས་རྟགས་རྣམ་གྲངས”21 “མི་སེར་གྱིས་ཧ་ཅང་དགའ་པོ་བྱེད་པའི་ཚེ་གང་སློབ་སྦྱོང་གི་སྤུས་རྟགས་རྣམ་གྲངས”2བཅས་དང་། ཞིང་ཆེན་རིམ་པའི“མི་སེར་གྱི་སློབ་སྦྱོང་སྐར་ཆེན”31དང“ཚེ་གང་སློབ་སྦྱོང་གི་སྤུས་རྟགས་རྣམ་གྲངས”22བཅས་བདམས་ཐོན་བྱུང་ཡོད། ཞིང་ཆེན་དང་དེ་བཞིན་གྲོང་ཁྱེར་དང་ཀྲོའུ། ཆུས། རྫོང་བཅས་ཁག་གཅིག་ལ་ལོ་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོའི་གཟའ་འཁོར་གྱི་ཕུལ་བྱུང་ངམ་ཡང་ན་སྒྲིག་འཛུགས་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་སྒོར་ཞུགས་མཁན་སྡེ་ཚན་དང་། ཚན་པ། བྱེད་སྒོའི་ཚོགས་སྤྱི་བཅས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། ནང་དོན་དང་རྣམ་པ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པས། ཚེ་གང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།