དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་འཛད་སྤྱོད་རོགས་སྐྱོར་གྱི་ཞིང་ཕྱུགས་ཐོན་རྫས(པེ་ཅིང་འགྲེམས་ཁང)རྒྱལ་ས་པེ་ཅིང་དུ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུས་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་། པེ་ཅིང་གྲོང་ཁྱེར་རོགས་སྐྱོར་མཉམ་ལས་ལས་དོན་འགོ་ཁྲིད་ཚོགས་ཆུང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་བཅས་ཀྱིས་མཉམ་དུ་བསྐྲུན་པའི་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་རོགས་སྐྱོར་ཞིང་ཕྱུགས་ཐོན་རྫས(པེ་ཅིང་འགྲེམས་ཁང)པེ་ཅིང་འཛད་སྤྱོད་རོགས་སྐྱོར་གཉིས་གཏོད་ལྟེ་གནས་སུ་དངོས་སུ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་རོགས་སྐྱོར་ཞིང་ཕྱུགས་ཐོན་རྫས(པེ་ཅིང་འགྲེམས་ཁང)ཀྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་300ལྷག་ཙམ་ཡོད་པ་དང་དེའི་ནང་ཚགས་ཤ་དང་། ལུག་ཤ འདྲེ་ཚེར་མ། པད་ཁའི་སྣུམ། ནས། ལི་གྲོ ཆུ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཆེ་གྲས་དགུ་ཡོད་པ་དེ་དག་གིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་། ཆུས། རྫོང་བཅས་44ཡི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཕྱིར་གཏོང་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་དང་། “མཚོ་སྔོན”རྟགས་ཅན་གྱི་སྤུས་རྟགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་པ། མཚོ་སྔོན་གྱི་ཞིང་འབྲོག་ཐོན་རྫས་མཚོ་བོད་ས་མཐོ་ནས་རྒྱལ་ས་པེ་ཅིང་དུ་འདྲེན་པའི་ཟམ་སྣེའི་བཙན་རྫོང་ལ་སྐུལ་འདེད་བཏང་བ་དེ་པེ་ཅིང་དུ་ཡོད་པའི་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཕྱིར་ཚོང་དང་འགྲེམས་སྟོན་བྱ་ཡུལ་གཙོ་བར་གྱུར་པ་མ་ཟད། རྒྱལ་སའི་མི་དམངས་ཀྱིས་ས་གཙང་མཚོ་སྔོན་དང་ས་མཐོའི་ཐོན་རྫས་ཤེས་རྟོགས་བྱེད་པའི་མིང་བྱང་དུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།