ཆུ་གསུམ་རྫོང་གིས“དྲ་ཐོག་དང་དྲ་ཕྱིའི”བྱ་དགའ་ཡོད་པའི་ལན་འདེབས་བྱེད་སྒོ་སྤེལ་བ།
ཉེ་ཆར། ཆུ་གསུམ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མཛེས་སྡུག་ལྡན་པའི་ཆུ་གསུམ་མཉམ་དུ་གཏོད”ཅེས་པའི་བྱ་དགའ་ཡོད་པའི་ལན་འདེབས་བྱེད་སྒོ་སྤེལ་བ་རེད།
ཆུ་གསུམ་རྫོང་གིས་སྐད་འཕྲིན་སྤྱི་རྟགས“དྲ་འཕྲིན་གྱི་ཆུ་གསུམ”ལས་སྟེགས་སུ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལན་འདེབས་རྩ་གཉིས་ཨང་རྟགས་བཤེར་ནས་དྲ་ཐོག་ལན་འདེབས་པར་སྐུལ་སློང་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཐེངས་དང་པོའི་དྲ་ཐོག་ནས་ལན་འདེབས་གྲངས་14139ཟིན་ནས་དེའི་ནང་ཞུགས་མཁན་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་པར་སྐུལ་མ་ཐེབས་ཡོད།
དེ་དང་ཆབས་ཅིག་ཆུ་གསུམ་རྫོང་གིས་ས་གནས་དེ་གའི་ཐང་ཆེན་དུ“རིག་གནས་ཐང་ཁྲོམ”ཞེས་པའི་བྱ་དགའ་ཡོད་པའི་དྲ་ཕྱིའི་ལན་འདེབས་བྱེད་སྒོ་སྤེལ་བ་རེད། བྱ་དགའ་སྤྲོད་པའི་བྱེད་སྒོ་བརྒྱུད། ཐང་ཆེན་ཐོག་གི་མང་ཚོགས་ལན་འདེབས་དཔུང་ཁག་ནང་གཅིག་རྗེས་གཉིས་མཐུད་ངང་ཞུགས་པ་དང་། བསྡོམས་རྩིས་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་བའི་ཉིན་དེར་མང་ཚོགས་30ལྷག་ཙམ་ལན་འདེབས་བྱེད་སྒོར་ཞུགས་ཞིང་། ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་ཤོག་བྱང་200ལྷག་ཙམ་སྤྲད་པ་དང་བྱ་དགའ་30སྤྲད་ཡོད་པ་རེད།