ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས།
མཚོ་སྨད་རྫོང་གི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་པ།
ཉེ་ཆར། ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མི་8མཚོ་སྨད་རྫོང་དུ་བསྐྱོད་དེ“གཟུགས་པོ་བརྟག་དཔྱད་དང་། སྨན་རྫས་སྤྲོད་པ། བདེ་ཐང་སྲུང་བ”བཅས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་འཕྲེད་འགེལ་ཡི་གེ་འགེལ་བ་དང་བློ་འདྲིའི་ལས་སྟེགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ནད་དཔེ་གྲལ་བཤེར་དང་ནད་གཞི་བརྟག་པ་མ་ཟད། ངང་རྒྱུད་རིང་པོས་ནད་པའི་དོགས་གཞིར་འགྲེལ་བཤད་རྒྱག་པ་དང་ནད་པར་སྨན་ཟ་སྟངས་བསླབས་པ་མ་ཟད། ཟས་སྤྱོད་ཐད་དོ་སྣང་བྱེད་དགོས་རིགས་དང་ནད་པར་རྒྱུན་མཐོང་དང་ཐོན་མང་བའི་ནད་གཞི་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
དེ་དང་ཆབས་ཅིག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རིན་པ་མེད་པར་རྒྱུན་གཏན་གྱི་སྨན་རྫས་སྤྲད་དེ་མཚོ་སྨད་རྫོང་གི་མང་ཚོགས་ལ་སྒོ་རྩ་ནས་སྨན་བཅོས་ཞབས་འདེགས་ཞུས་པས། མཚོ་སྨད་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་མང་ཚོགས་200ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། སྨན་རིན་སྒོར་5000རི་བའི་སྨན་རྫས་སྤྲད་པ་དང་། སྨན་དོན་མི་སྣ་23དྲན་པ་སོས་ཐབས་ཀྱི་མྱུར་སྐྱོབ་ཤེས་བྱའི་གསོ་སྦྱོང་ནང་ཞུགས་པ་རེད།