དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནག་ཆུ་གྲོང་ཁྱེར་གྱིས།

    འཇོན་ཐང་ཆེ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་སྒོ་ཀུན་ནས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-25

    འདི་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས“གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་འཇོག”བཅས་ཀྱི་རྒྱུན་འཁོར་ཧྲིལ་པོ་ལེཌ་སུ་གཏོང་བ་དང་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི“འགན་འཁྲིའི་ཞིང་སར”ས་སྦོལ་གཏིང་ཟབ་བྱས་ནས། རང་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ནུས་ཤུཌ་ཡོད་རྒུས་སྐྲུན་ཆེད། ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    “གསོ་སྐྱོང”ནུས་ལྡན་བྱས་ཤིང་། ལེའོ་ཉིང་ཞིང་ཆེན་གྱི་མཐོ་སློབ་གསུམ་དང་མཐུན་སྦྱོར་བྱས་ཏེ། ནག་ཆུ་གྲོང་ཁྱེར་དུ་ལས་ཐོག་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ས་ཚིགས་3བཙུགས་ནས་ལོ་གསུམ་གྱི་འཕེལ་རྒྱས་འཆར་འགོད་བཟོས་པ་དང“སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་འདུ་འགོད”ཀྱི་ཆ་སྒྲིག་མཛད་སྒོ་འཚོགས་ཏེ། ལས་བྱེད་ཤེས་ལྡན་པའི་སློབ་རྒྱུས་དང་ནུས་པ་མཐོ་རུ་འགྲོ་བར་འགན་ལེན་བྱས་པ་རེད།

    “ནང་འདྲེན”ཤུགས་ཆེན་བྱས་ཤིང་། འཕྲལ་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་མི་སྣ་20ནང་འདྲེན་བྱས་པ་དང་། འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་1ཐོག་མར་བསྡུས་པ། ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་བོད་དུ་ཉར་བའི་ཆེད་དོན་ཡིག་རྒྱུགས་བརྒྱུད་མི་7བསྡུས་ནས་བེད་སྤྱོད་བྱས་པ། ཀྲེ་ཅང་དང་། ལེའོ་ཉིང་། ཀོང་ཤིས། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་རུ་བསྐྱོད་དེ་ནང་སའི་མཐོ་སློབ་སློབ་ཐོན་སློབ་མ་110བསྡུས་ཡོད།

    “བེད་སྤྱོད”གང་ལེགས་བྱས་ཤིང་། བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་88ལ་གོ་གནས་སྤྲད་པ་དང་། བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་59ལ་ངོ་བོའི་རང་བཞིན་གྱི་ལས་བགོས་བརྒྱབ་པ། “བྱང་ཐང་གི་ཕུལ་བྱུང་ཤེས་ལྡན་པ”དང“ཇོ་མོ་གླང་མའི་ཤེས་ལྡན་པ”གདམ་གསེས་འབྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་རེད།

    “ཉར་འཇོག”ལ་དམ་འཛིན་བྱས་ཤིང་། ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་སོགས་ལམ་ལུགས་ཁག་6འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཇུས་དང་ཐོབ་ཐང་ཁག་དོན་འཁྱོལ་བྱས་ནས་ཤེས་ལྡན་པ་ཉར་འཇོག་བྱེད་པའི་ལས་ཀར་དམ་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།