དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་9པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་དུང་ཕྱུར་27.9ཙམ་ཟིན་པ།

    རླུང་གློག་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-25

     ཚེས་23ཉིན། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཟླ་བ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་ཀྱི་གློག་ཤུགས་བཟོ་ལས་ཀྱི་བསྡོམས་རྩིས་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། འདི་ལོའི་ཟླ་བ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་2.26ལྷག་ཙམ་མང་དུ་ཕྱིན་པ་དང་། དེའི་ནང་། རླུང་གློག་དང་ཉི་ནུས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.62ལྷག་ཙམ་ཟིན་པ་དེས་མང་དུ་ཕྱིན་པའི་གློག་འདོན་འཕྲུལ་འཁོར་ཚང་མའི་བསྡུར་ཚད་ཀྱི་72%ཙམ་བཟུང་ཡོད་པ་རེད།

    ཟླ་9པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་དུང་ཕྱུར་27.9ཙམ་ཟིན་པ་དེ་དུས་མཚུངས་ལས་12.3%འཕར་ཡོད། དེའི་ནང་། ཉི་ནུས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་5.2ཟིན་པ་དེ་དུས་མཚུངས་ལས་45.3%འཕར་བ་དང་། རླུང་གློག་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་15.1%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།