དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བགྲང་བྱ་བཅོ་བརྒྱད་སྐྱིད་སྡུག་མཉམ་དུ་མྱངས། འགྱུར་མེད་བརྩེ་སེམས་རྡོ་རྗེ་བྲག་ལྟར་བརྟན།

    —— ཚེ་རིང་སྒྲོལ་དཀར་དང་ཁོང་གི་རྒྱ་རིགས་བཟའ་ཟླ་བློ་བཟང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-25

    འདི་ནི་ཚེ་རིང་སྒྲོལ་དཀར་དང་ཁོང་གི་རྒྱ་རིགས་བཟའ་ཟླ་བློ་བཟང་གི་མཉམ་པར་ཡིན་པ།

    རྒྱ་རིཌ་བཟའ་ཟླ་བློ་བཟང་གི་སྐོར་གླེང་སྐབས། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་གི་ཚེ་རིང་སྒྲོལ་དཀར་གྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་ངང་གིས་འཕྱུར་ཞིང་། ཁོང་གཉིས་པོ་དང་ཐོག་ངོ་ཤེས་པ་ནས་ད་བར་བགྲང་བྱ་18སོང་ཡོད།

    བློ་བཟང་ཞེས་པ་ནི་ཚེ་རིང་སྒྲོལ་དཀར་གྱི་བཟའ་ཟླ་ཆི་ཡུང་ཧྥུའུ་ཡི་བོད་རིགས་ཀྱི་མིང་ཡིན། “འདིར་ཡོང་མཁན་སྐུ་མགྲོན་མང་ཆེ་བ་བོད་རིགས་ཡིན་པས། ལོ་འགའི་སྔོན་ལ་ངས་ཁོང་ལ་མིང་འདི་བཏགས་པ་ཡིན། དུས་ཡུན་རིང་པོ་སོང་བས་བློ་བཟང་ཞེས་པ་ང་ཚོའི་ངག་ལ་འཇགས་ཡོད”ཅེས་ཚེ་རིང་སྒྲོལ་དཀར་གྱིས་བརྗོད།

    2005ལོའི་དཔྱིད་ཀར་ལོ་19ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་ཀྱིས་ལྷུན་རྩེ་རྫོང་གི་ཨར་ལས་བྱ་ཡུལ་དུ་ལས་ཀ་བྱེད་སྐབས། ལོ་25ལ་སླེབས་པའི་ཆི་ཡུང་ཧྥུའུ་ངོ་ཤེས། སྐབས་དེ་དུས་ཀྱི་ཚེ་རིང་སྒྲོལ་དཀར་ལོ་ན་ཆུང་ལ་ཁ་འབྲས་མཚར་ཞིང་། དམའ་འབྲིང་སློབ་གྲྭ་འགྲིམ་མྱོང་བས་རྒྱ་སྐད་མཁས་ལ། ཨར་ལས་བྱ་ཡུལ་དུའང་ལས་ཀ་འཇོན་པོ་ཞིག་ཡོད་པས། ཆི་ཡུང་ཧྥུའུ་ཡིས་ཁོང་མཐོང་མ་ཐག་མི་ཚེའི་གཏན་གྲོགས་སྒྲིག་འདོད་ཀྱི་བསམ་བློ་འཁོར། ཆི་ཡུང་ཧྥུའུ་ཡིས་དུས་རྒྱུན་དུ་འདི་ནི་ལས་དབང་རེད་ཅེས་བརྗོད་ཀྱི་ཡོད། 2006ལོའི་དབྱར་ཀར་ཚེ་རིང་སྒྲོལ་དཀར་དང་ཆི་ཡུང་ཧྥུའུ་གཉིས་དངོས་སུ་བཟའ་ཚང་བསྒྲིགས། དུས་དེ་ནས་བཟུང་ཆི་ཡུང་ཧྥུའུ་ཚེ་རིང་སྒྲོལ་དཀར་གྱི་ཁྱིམ་ཚང་ཆེ་མོའི་ནང་ཞུགས་པ་དང་། ཚེ་རིང་སྒྲོལ་དཀར་གྱི་གཅེན་གཅུང་8དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་གཏམ་རྒྱུད་རྩོམ་འགོ་ཚུགས།

    གཉེན་བསྒྲིགས་རྗེས། བསམ་ཕོད་པ་དང་བྱེད་ཕོད་པའི་ཆི་ཡུང་ཧྥུའུ་ཡིས་གླ་པ་རྒྱུག་པའི་དཀའ་སྡུག་མྱངས་མྱོང་བར་བརྟེན། བཟའ་ཟླར་རང་ཉིད་ལྟར་དཀའ་སྡུག་དེ་འདྲ་མྱོང་དུ་འཇུག་འདོད་མེད་པས། ཁོང་གིས་ཚོང་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། དེ་རྗེས་ཁོང་གིས་བསགས་དངུལ་ཡོད་ཚད་བཏོན་ནས་ལྷུན་རྩེ་རྫོང་རི་རོང་ཤང་དུ་མོག་མོག་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། བཟའ་སྣུམ་ལས་སྣོན་ཁང་བཅས་བཙུགས།

    ལོ་དེའི་དགུན་ཁར་ཁོང་བཟའ་ཚོ་གཉིས་ལ་ཕྲུ་གུ་དང་པོ་ཡེ་ཤེས་དཔལ་ལྡན་སྐྱེས་ནས་ཁྱིམ་ཚང་ཡང་ཚ་རུབ་རུབ་ཏུགྱུར། འོན་ཀྱང་ཆི་ཡུང་ཧྥུའུ་ཡིས་རྟག་ཏུ་ཐག་རིང་མཚོ་སྔོན་མོན་ཧོ་རྫོང་གི་ཁྱིམ་དུ་ཡོད་པའི་ཕ་མ་གཉིས་དྲན་པས། ཕྱི་ལོའི་དཔྱིད་གསར་དུས་ཆེན་ལ་ཆི་ཡུང་ཧྥུའུ་ཡིས་བཟའ་ཟླ་དང་ཕྲུ་གུ་ཁྲིད་ནས་ཕ་ཡུལ་དུ་ཁྱིམ་མིར་ལྟ་བར་ཕྱིན། དེ་ནས་བཟུང་ལོ་ལྟར་དཔྱིད་གསར་དུས་ཆེན་ལ་ཁྱིམ་དུ་སྤུན་ཉེ་ཐུག་པར་འགྲོ་བ་ཆི་ཡུང་ཧྥུའུ་ཁྱིམ་གྱི་སྲོལ་རྒྱུན་ཞིག་ཏུ་གྱུར།

    2016ལོའི་སྟོན་དུས་སུ་བུ་མོ་ཆུང་བ་སློབ་གྲྭ་འགྲོ་རྒྱུར་སྟབས་བདེ་ཡོང་ཆེད། ཁོང་ཚོ་སླར་ཡང་རྒྱ་ཚ་ནས་སྣེ་གདོང་རྫོང་དུ་སྤོས། དེར་སྤོས་པར་ཁོང་ཚོར་དཀའ་ངལ་མི་ཉུང་བ་འཕྲད་ཅིང་། དང་ཐོག་གྲོང་ཁུལ་དུ་ཡོང་ནས་ལས་རིགས་བསྒྱུར་ཏེ་བོད་ཟས་ཁང་ཞིག་བཙུགས་པ་དང་། གྲོང་ཁུལ་དུ་མི་མང་བ་དང་འགྲན་རྩོད་ཆེ་བར་བརྟེན་ཁོང་ཚོའི་ཚོང་རྒྱུག་པོ་དེ་ཙམ་བྱུང་མེད། གྲོང་ཁྱེར་འཛུགས་སྐྲུན་མགྱོགས་པོ་བྱས་པ་དང་བསྟུན་ནས་ཁོང་ཚོའི་ཟ་ཁང་སྤོ་དགོས་བྱུང་ཡོད། ཟ་ཁང་གསར་པ་མཛེས་བཟོ་བྱེད་པར་དངུལ་མང་པོ་གཏོང་པས་སླར་ཡང་དཀའ་ངལ་ཆེན་པོ་འཕྲད།

    ཁོང་ཚོའི་གྲོང་ཁྱེར་ནང་གི་གནས་སྟངས་ཤེས་རྗེས།“དཀའ་ངལ་ཡོད་ཚེ་ང་ཚོར་ཤོད་དང་། ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ང་ཚོས་རོགས་པ་བྱེད་ངེས་ཡིན”ཞེས་ཚེ་རིང་སྒྲོལ་དཀར་གྱི་གཅེན་གཅུང་ཚོས་རོགས་པ་གཅིག་རྗེས་གཉིས་མཐུད་ངང་བྱས་ཤིང་། ཆི་ཡུང་ཧྥུའུ་ཡིས་ནང་མིར་མ་ལབ་གོང་ནས་བོད་རིགས་སྤུན་མཆེད་ཚོས་ཟ་ཁང་གསར་པ་འཛུགས་པའི་མ་དངུལ་ཁོང་ལ་སྤྲད་པ་རེད།

    2019ལོར་གཉེན་ཉེ་དང་གྲོགས་པོའི་རོགས་རམ་འོག ཚེ་རིང་སྒྲོལ་དཀར་དང་ཆི་ཡུང་ཧྥུའུ་ཡི་ཟ་ཁང་གསར་པ་དངོས་སུ་སྒོ་ཕྱེ་ཐུབ་པ་རེད། ཡུད་ཙམ་ཞིག་ལ་ལོ་4སོང་བ་དང་མིག་སྔར་ཟ་ཁང་གི་ཚོང་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ས་ཕྱོགས་གང་ས་ནས་ཡིན་པའི་གླ་མི་ཚོས་དེར་ཁ་ལག་སྟབས་བདེ་ཞིག་ཟས་རྗེས་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས་ཀྱི་ཡོད་ལ། ཉེ་འགྲམ་གྱི་གྲོང་པ་ཁྱིམ་མཚེས་ཀྱང་དེར་ཡོང་ནས་ཇ་བཏུང་སྟེ་སྔ་རྒྱུས་ད་རྒྱུས་ཤོད་རྒྱུར་དགའ་པོ་ཡོད་པས། ཁོང་ཚོའི་ཟ་ཁང་ཆུང་ཆུང་དེ་ཉེ་འཁོར་གྱི་མི་ཚང་མས་དགའ་པོ་བྱེད་པའི་ཟ་ཁང་ཞིག་ཏུ་གྱུར་ཡོད།

    མི་གཉིས་ནས་ཁྱིམ་ཚང་གཉིས་ལྷན་དུ་སྦྲེལ་ཞིང་། སླད་ཕྱིན་གྱི་ལོ་ཟླའི་ནང་མི་30ལྷག་ཟིན་པའི་ཁྱིམ་ཚང་ཆེ་མོ་འདིས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེ་བས་མང་བ་བརྩམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།