དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ནི“འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ”ཞིག་ཡིན།

    དབྱིན་ཇིའི་རྒྱལ་སྤྱིའི་འབྲེལ་བའི་རིགས་གཅིག་མཁས་ཅན་པེ་ནེ་ཐེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཏུའུ་ཅུན། ཝུའུ་ལུའུ།   |     སྤེལ་དུས།  2023-10-25

    ཉིན་ཤས་གོང་། ཀྲུང་གོའི་འཕེལ་རྒྱས་ལ་ཡུན་རིང་དོ་ཁུར་བྱེད་མཁན་དབྱིན་ཇིའི་རྒྱལ་སྤྱིའི་འབྲེལ་བའི་རིགས་གཅིག་མཁས་ཅན་ཅི་སི·པེ་ནེ་ཐེ་ཡིས་ལོན་ཏོན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ནི“འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ”ཞིག་ཡིན་པ་དང་མཉམ་སྐྲུན་རྣམ་གྲངས་འབྲིང་ཆུང་ཁག་གཅིག་ས་གནས་དེ་གའི་སྡེ་ཁུལ་དུ་བཙུགས་ཏེ་ས་གནས་དེ་གའི་མིའི་འཚོ་བ་ལེགས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན་པའི་གོང་འཕེལ་གཏོང་དབང་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་བརྗོད།

    པེ་ནེ་ཐེ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དར་སྤེལ་གཏོང་བའི་གྲོས་འགོ་བཏོན་པ་དེ་ནི་རྣམ་གྲངས་ཆེ་གྲས་བསྐྲུན་རྒྱུ་ཡིན་པ་མ་ཟད། རྣམ་གྲངས་འབྲིང་ཆུང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའང་མཚོན་ཡོད། རྣམ་གྲངས་འབྲིང་ཆུང་གསར་སྤེལ་བྱེད་པའི་དོན་སྙིང་གཙོ་བོ་ནི་དེས་མཉམ་སྐྲུན་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བར་ཕན་ནུས་ཐོན་མགྱོགས་པ་མ་ཟད། མཐོང་ཐུབ་པའི་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པ་དེ་རེད།

    ཁོང་གིས་སྡོད་གནས་དང་བཟའ་བཅའ་ཡོད་པ་དང་། སློབ་གསོ་ཐོབ་པ། ལས་ཀ་ཡོད་པ་བཅས་དེ་དག་ཚང་མ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཁོངས་སུ་གཏོགས་ཀྱི་ཡོད། “གཞི་རྩའི་དབང་ཆ་དེ་དག་འཕེལ་རྒྱས་བྱུང་ཚེ་གཞི་ནས་མངོན་འགྱུར་ཡོང་ཐུབ། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་རེད”ཅེས་བརྗོད།

    པེ་ནེ་ཐེ་ཡིས་འདས་པའི་ལོ་10ཡི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རྣམ་གྲངས་སྣ་ཚོགས་ས་གནས་དེ་གའི་སྡེ་ཁུལ་དུ་དངོས་སུ་སྤེལ་ནས་ས་གནས་ཀྱི་མང་ཚོགས་རིམ་བཞིན་དབུལ་སྒྲོལ་ཐུབ་པར་རོགས་རམ་བྱས་ཡོད་ཅེས་བསྟན་པ་རེད།

    2017ལོར་པེ་ནེ་ཐེ་ཕ་ཁི་སི་ཐན་དུ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་རྣམ་གྲངས་ལ་རྟོག་ཞིབ་བྱེད་པར་བསྐྱོད་དེ་དབྱི་སི་ལམ་པོ་དང་། ཁ་ལཱ་ཆི། ཀྭ་ཏར། ཁུའེ་ཏཱ་སོགས་སུ་བཅར་འདྲི་བྱས་ཤིང་། ཁོང་གིས“ཕ་ཁི་སི་ཐན་དུ་སྲིད་གཞུང་གི་དཔོན་རིགས་དང་། ཁེ་ལས་མཁས་ཅན། ཨར་ཁང་ཆེ་མོའི་ཞབས་ཞུ་བ། རྣམ་གྲངས་ཀྱི་བཟོ་པ་བཅས་ཚང་མས་ཀྲུང་གོར་བརྩེ་སེམས་ཟབ་མོ་འཆང་གི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

    པེ་ནེ་ཐེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་ཁ་ཤས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཤེས་རྟོགས་མ་ཐུབ་པར་མི་ཁག་གཅིག་གིས་གོ་ནོར་ཐེབས་པ་མ་ཟད། ཐ་ན་འདུ་ཤེས་འཛིན་སྟངས་ཐད་ཀྲུང་གོར་ཕྱོགས་ཞེན་གྱི་ལྟ་བ་འཛིན་གྱི་ཡོད། ལོ་དེ་དག་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དམིགས་པའི་ཚབ་བྱེད་ཇུས་གཞི་མི་ཉུང་བ་ཞིག་བཏོན་ཡོད་མོད། འོན་ཀྱང་འབྲེལ་ཡོད་རྣམ་གྲངས་ཀྱི་གྲུབ་འབྲས་ཧ་ཅང་ཉུང་ཉུང་རེད་ཅེས་བརྗོད།

    པེ་ནེ་ཐེ་ཡིས་ཁེར་རྐྱང་གི་གནས་ཚུལ་འོག་འཕེལ་རྒྱས་འགྲོ་མཁན་རྒྱལ་ཁབ་ཧ་ཅང་ཉུང་ཉུང་ཡིན་པས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་རྒྱལ་ཁབ་ཁག་དང་མི་རིགས་ཁག་དབར་འབྲེལ་བ་བཙུགས་པ་དང་དེའི་ལྟེ་བའི་བརྗོད་དོན་གཙོ་བོ་ནི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཕན་ཚུན་མཐུན་པ་དང་། རྒྱལ་ཁབ་ཁག་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པ་བྱས་ཚེ། གཞི་ནས་རང་ངོས་ཀྱི་དམིགས་བསལ་ལེགས་ཆ་ཆེ་རུ་གཏོང་ཐུབ་པ་དང་སྔར་བས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཐུབ་ཅེས་བརྗོད།

    པེ་ནེ་ཐེ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།