《རྒྱ་ཡིག་པར་སྒྲིག·ངས་ཨ་རིར་རྒྱ་ཡིག་སྦྱོང་གི་ཡོད》ཅེས་པའི་དངོས་མཚོན་གློག་བརྙན་ཨ་རིར་ཐོག་མར་བསྟན་པ།
ཚེས་17ཉིན་གྱི་དགོང་མོ་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས《རྒྱ་ཡིག་གི་པར་སྒྲིག·ངས་ཨ་རིར་རྒྱ་ཡིག་སྦྱོང་གི་ཡོད》ཅེས་པའི་དངོས་མཚོན་གློག་བརྙན་ཨ་རིར་ཐོག་མར་སྟོན་པའི་བྱེད་སྒོ་སྤེལ་བ་དང་ཨ་རིའི་ས་གནས་ཁག་ནས་ཡོང་བའི་རྒྱ་ཡིག་སློབ་གསོའི་ལས་རིགས་ཀྱི་དགེ་སློབ་ཀྱི་འཐུས་མི་དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་400ལྷག་ཙམ་བྱེད་སྒོར་ཞུགས་པ་རེད། འདི་ནི་ཨ་རིའི་ཝ་ཧྲིང་ཐོན་དུ་ཨ་རིའི་སློབ་མ《རྒྱ་ཡིག་གི་པར་སྒྲིག·ངས་ཨ་རིར་རྒྱ་ཡིག་སྦྱོང་གི་ཡོད》ཅེས་པའི་དངོས་མཚོན་གློག་བརྙན་ཐོག་མར་བསྟན་པའི་བྱེད་སྒོར་དྲི་བར་ལན་རྒྱག་བཞིན་པ།