ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣས་སོ་ནམ་ལས་ལ་ཞུགས་ཏེ་མཛའ་གྲོགས་ཟབ་ཏུ་བཏང་བ།
ཟླ་10ཚེས་16ཉིན་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་མིང་གཡོད་རི་བོའི་ཆུ་ཚན་མཛེས་ལྗོངས་ཁུལ་ཝུན་ཐང་གྲོང་རྡལ་དུ་དུས་ཡུན་ཉིན་གཉིས་ཀྱི་2023ལོའི་རྒྱལ་ཡོངས་ཀྱི་སོ་ནམ་ལས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་དགུ་པ་དང་ཀྲུང་གོ·དབྱི་ཁྲུན་རྒྱལ་སྤྱིའི་སོ་ནམ་ལས་ཀྱི་ལུས་སྦྱོང་གདན་ཞུའི་འགྲན་བསྡུར་གཉེར་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཨུ་རུ་སུ་དང་། ཕ་ཁི་སི་ཐན། ཐན་ཙན་ནི་ཡ། རྒྱ་གར། མོ་རོ་ཁོ། ཨུ་ཟ་བྷེ་ཁི་སི་ཐན། ཀག་ན་སོགས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་བཅུའི་འཐུས་མི་རུ་ཁག་13གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)11གི་འཐུས་མི་རུ་ཁག་27དང་འགྲན་བསྡུར་བྱས་ཤིང་། སྤྲོ་འཕེལ་ལུས་རྩལ་ཁྲོད་སྲོལ་རྒྱུན་གྱི་སོ་ནམ་རིག་གནས་མྱོང་རོལ་དང་ཞིང་ལས་ཀྱི་སྤྲོ་སྣང་ཉམས་ལེན་བྱས་པས་ཕན་ཚུན་དབར་གྱི་མཛའ་གྲོགས་ཟབ་ཏུ་ཕྱིན་པ་རེད།
འདི་ནི་ཟླ་10ཚེས་16ཉིན་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་མིང་གཡོད་རི་བོའི་ཆུ་ཚན་མཛེས་ལྗོངས་ཁུལ་ཝུན་ཐང་གྲོང་རྡལ་དུ་ཀྲུང་ཕྱིའི་བདམས་ཐོན་པས་ས་ཞིང་རྨོ་བའི་འགྲན་བསྡུར་བྱེད་བཞིན་པ།