དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-25

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དང་ཞི་བའི་གྲོས་གཞིར་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད་ཅེས་བརྗོད་པ་རེད།

    ཏའེ་པིང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དོན་དངོས་གནས་ཚུལ་དང་དམིགས་བསལ་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་བུ་རང་རྟེན་ངང་གདམ་ག་བྱེད་པར་བརྩི་འཇོག་བྱས་ནས། དམིགས་སའི་རང་བཞིན་ལྡན་པའི་རོགས་རམ་དེ་བས་མང་བ་བྱེད་དགོས་ཤིང་། གཅིག་ནས་ཨ་ཧྥེ་རི་ཁས་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་གི་འགྲན་སློང་ཁྱད་བསད་བྱེད་རོགས་བྱེད་དགོས། གསུམ་ནས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་མི་སེར་སྤེལ་བའི་རིང་ལུགས་ཀྱི་དུག་ལྷག་དང་བཙན་དབང་རིང་ལུགས་ཀྱི་སྤྱོད་ངན་སྣ་ཚོགས་ལ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁ་ཤས་ལ་ཁྲིམས་འགལ་གྱི་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་པར་ངོ་རྒོལ་བྱས་ནས། རྒྱལ་སྤྱིའི་ལས་དོན་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་ཁྲོད་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། བཞི་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་པ་རེད།

    ཏའེ་པིང་གིས། འདི་ལོ་ནི་ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་གི་སྲིད་ཇུས་ཀྱི་འདུ་ཤེས་བཏོན་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་10ཡི་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཟོལ་མེད་མཉམ་ལས་བྱེད་པ་བཅས་ཀྱི་གྲུབ་འབྲས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཁྱབ་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས། ཨ་ཧྥེ་རི་ཁའི་མི་དམངས་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་འཚོགས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་དུས་སྐབས་གསར་པར“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱ་ཆེད་འཆར་གཞི་གསར་པ་བཀོད་དེ། ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་གསར་པ་བསྣན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།