དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོའི་གསའ་སྲུང་སྐྱོབ་མནའ་འབྲེལ་མཚོ་སྔོན་དུ་བཙུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་23ཉིན་ནི་འཛམ་གླིང་གི་གསའ་སྲུང་སྐྱོབ་ཉིན་མོ་ཡིན་ཞིང་། དེ་ཉིན་མཚོ་བོད་ས་མཐོའི་གསའ་སྲུང་སྐྱོབ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བཙུགས་པ་རེད།

    མཚོ་བོད་ས་མཐོའི་གསའ་སྲུང་སྐྱོབ་མནའ་འབྲེལ་ནི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས། པེ་ཅིང་ལུའུ་ཆའོ་སྐྱེ་ཁམས་ལྟེ་གནས་བཅས་ཀྱིས་མཉམ་དུ་བཙུགས་པ་ཞིག་ཡིན་པ་དང་རྒྱལ་ཡོངས་ཀྱི་སྲིད་གཞུང་སྒྲིག་གཞི་དང་། མཐོ་སློབ་དང་ཚན་ཞིབ་ཁང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་སོགས་90ལྷག་ཙམ་མནའ་འབྲེལ་ནང་ཞུགས་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཧའེ་ཕིང་གིས། ད་ཡོད་ཀྱི་ཚན་རིག་དཔང་རྟགས་ལས་མཚོ་བོད་ས་མཐོ་ནི་གསའི་འབྱུང་ཁུངས་ཡིན་པ་དང་དེང་རབས་ཀྱི་མཚོ་བོད་ས་མཐོ་ནི་གསའི་ཆེས་གཙོ་བོ་དང་ཆེས་རྒྱུན་མཐུད་ཀྱི་འཚོ་གནས་ཁུལ་ཞིག་ཡིན་པ་གསལ་བཤད་ཐུབ་ཡོད་ཅེས་བརྗོད་པ་རེད།

    ལྐོག་རྔོན་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་སོང་བ་སོགས་ཀྱིས་རྐྱེན་པས་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་སྐབས་ཤིག་རིང་གསའ་དེ་སྟོངས་ཉེར་ཡོད་པའི་མིང་གཞུང་ནང་བཅུག་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་སོགས་ས་ཁུལ་གྱིས་གསའ་སོགས་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་རིགས་ཁྱུ་དང་སྐྱེ་ཁམས་མ་ལག་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྲུང་སྐྱོབ་བྱས་པས། དེ་སྔ་མཐོང་དཀོན་པའི་གསའ་ད་ཆ་དམར་ཕྱིའི་པར་ཆས་ཀྱིས་བླངས་པའི་པར་ནང་ཡང་ཡང་མཐོང་རྒྱུ་ཡོད་པ་དང་། དེ་ཉིད་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་པའི་དཔང་རྟགས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།