དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་དང་མགོ་ལོག་ཀྲོའུ་ཡིས་འབྲི་ཆུའི་ཉ་རྒྱ་སྡོམ་ཁུལ་དུ་ས་ཁོངས་གྲོལ་བའི་མཉམ་འབྲེལ་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཉ་རྒྱ་སྡོམ་པའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་གྱི་མཐུན་སྦྱོར་ལ་ཤུཊ་སྣོན་བརྒྱབ་ནས། དུས་འགོའི་འབྲི་ཆུའི་ཉ་རྒྱ་སྡོམ་པའི་ལྟ་སྡོམ་ཁྲིམས་སྒྱུར་གྲུབ་འབྲས་བརྟན་དུ་དང་རྒྱ་ཆེར་གཏོང་ཆེད། ཉེ་ཆར། ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་ཡིས་འབྲི་ཆུའི་ཉ་རྒྱ་སྡོམ་ཁུལ་དུ་ས་ཁོངས་གྲོལ་བའི་མཉམ་འབྲེལ་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་བ་དང་། ཀྲོའུ་གཉིས་ཀྱི་ཉ་རྒྱ་སྡོམ་མཁན་ཆེད་དོན་ཚོགས་ཆུང་གི་ཁོངས་མི་ཁག་ད་ཐེངས་ཀྱི་བྱ་སྤྱོད་ལ་ཞུགས་པ་རེད།

    མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ས་མཚམས་འབྲེལ་བའི་ཆུ་ཁོངས་སུ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱས་ཏེ། ཁྲིམས་དང་མ་མཐུན་པར་ཉ་འཛིན་པའི་བྱེད་སྤྱོད་དང་ཉ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས། གནད་དོན་གཅིག་ཤེས་རྟོགས་བྱུང་མ་ཐག་དེར་ཆད་པ་ནན་པོ་བཅད་དེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། སྐོར་ཞིབ་བྱེད་རིང་ཁྲིམས་དང་མ་མཐུན་པའི་ཉ་རིགས་འཛིན་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་མེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།