དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིང་དུ་འགོ་ཚུགས་པ།

    ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོཊ་འདུར་ཞུགས་ནས་རྟེན་འབྲེལ་ཞུས་པ། ཏིང་ཤུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-25

    ཟླ་10ཚེས་23ཉིན། ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཚོགས་ཞུགས་འཐུས་མིར་འཚམས་འདྲི་ཞུ་བཞིན་པ།

    ཟླ་10ཚེས་23ཉིན། ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ནས་ཚོགས་ཆེན་འཚོག་པར་རྟེན་འབྲེལ་ཞུས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོར། ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས་པ་དང་། ཏིང་ཤུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་རེད།

    མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་གྱི་རྣམ་པ་སྒམ་བརླིང་ལྡན་ཞིང་སྤྲོ་སེམས་འཕེལ་བ་ཞིག་ཡོད། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི”ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ལྗོངས་ཀྱི་དབུས་སུ་དམར་མདངས་བཀྲ་བའི་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ཡིན་པ་དང་དར་ཆ་དམར་པོ་བཅུ་གཞོགས་གཡས་གཡོན་གཉིས་སུ་བསྒྲིགས་ཡོད། ཐོག་སོ་གཉིས་པའི་རྒྱང་གཟིགས་སྟེགས་བུར“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་སྐུལ་སློང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ཆེན་པོ་བཀལ་ཡོད།

    རྒྱལ་ཡོངས་ཀྱི་ལས་རིགས་ཁག་ནས་ཕེབས་པའི་ཀྲུང་གོའི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་1800ཙམ་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ནས་ཕེབས་པའི་དམིགས་བསལ་གདན་ཞུས་འཐུས་མི་90ཡིས་བུད་མེད་དུང་ཕྱུར་མང་པོའི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་པ་རེད།

    སྔ་དྲོའི་ཆུ་ཚོད་10པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

    ཏིང་ཤུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་འགོ་བརྗོད་དུ《རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་གཏོད་ཆེད་དུས་རབས་གསར་པར“གནམ་ཕྱེད་ཀ་འདེགས་པའི”ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་དགོས》ཞེས་འཁོད་པའི་ཤིས་ཚིག་བསྒྲོན་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་བུད་མེད་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་ཞུས་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ་དང་ཕྱིར་སྡོད་བུད་མེད་སྤུན་ཟླར་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཏིང་ཤུའེ་ཞང་གིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་བུད་མེད་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བུད་མེད་དུང་ཕྱུར་མང་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་འབད་འཐབ་དངོས་སྒྲུབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་འཐབ་ས་མདུན་མར་དཔའ་ངར་ཆེན་པོས་ཡང་རྩེར་འཛེག་པ། རིམས་འགོག་གི་འགག་རྩའི་དུས་སུ་ལྡོག་སྐྱོད་བྱེད་པ། ཁྱིམ་ཚང་དང་སྡེ་ཁུལ་དུ་རང་འགུལ་ངང་འགན་འཁྲི་འཁུར་བ། དུས་བདེ་འཛུགས་སྐྱོང་གི་འཐབ་ས་དང་པོར་སྐད་གྲགས་མེད་པར་འབད་བརྩོན་བྱེད་པ། རྩལ་ནུས་འགྲན་རར་འགྲན་ཕོད་པ་དང་འཐབ་ཕོད་པ་བཅས་བྱས་པས། “གནམ་ཕྱེད་ཀ་འདེགས་པའི”ཉམས་བཟང་ཕྱོགས་ཡོངས་ནས་མངོན་པ་དང་བུད་མེད་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་ཕྱིན་ཡོད། རིམ་ཁག་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་བུད་མེད་ཀྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་དང་། རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་པ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སེམས་ནུས་དང་ལྷག་བསམ་རྣམ་དག་གིས་ཁེ་དབང་ལ་སྲུང་སྐྱོང་དང་གཅེས་སྐྱོང་གི་ཞབས་འདེགས་ཡག་པོ་ཞུ་བ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།

    ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཚུར་ལོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧོང་ཞའོ་ཝུའེ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ལྷན་གྱི་ཚབ་ཞུས་ཏེ་འགོ་བརྗོད་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་རྒྱ་ཆེའི་བུད་མེད་སྐུལ་སློང་དང་སྣེ་ཁྲིད་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་འཁོད་པའི་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁག་5ལ་ཕྱེ་བ་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱེད་མཁན་ཀྲུང་གོའི་བུད་མེད་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀྲུང་གོའི་བུད་མེད་བྱ་གཞག་གི་རྒྱང་ལམ་གསར་པར་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་བུད་མེད་ཀྱི་འགན་འཁྲི་འཁུར་ཕོད་པ། རྒྱུགས་འབུལ་གྱི་ལམ་བུ་གསར་པར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱ་དང་འཚམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་སྐྲུན་པ་བཅས་རེད།

    ཚོགས་ཆེན་ལ་ཡིག་ཐོག་གི་སྙན་ཞུའི་རྣམ་པའི་ཐོག་ནས་འཐུས་མི་ཚོར《ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག(དག་བཅོས་འཆར་ཟིན)》གྱི་མ་ཟིན་གྲོས་ཞིབ་གནང་རྒྱུར་ཕུལ་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། མི་དམངས་ཚོགས་པ་ཁག དམག་དཔུང་གི་འབྲེལ་ཡོད་ཚན་པ། པེ་ཅིང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་པུའུ་རིམ་པའི་བུད་མེད་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་རྒན་གྲས་ཁག་གཅིག རྒྱལ་སའི་ལས་རིགས་ཁག་གི་བུད་མེད་ཀྱི་འཐུས་མི་སོགས་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།