དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡོན་མིང་ཡོན་རྟེན་མཛོད་ཁང་གི་སྒོ་བྱང་བཀལ་བ།

    རིག་དངོས་230ལྷག་ཙམ་ཚུར་རག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-24

     ཉིན་ཤས་གོང་། ཡོན་མིང་ཡོན་རྟེན་མཛོད་ཁང་ཡོན་མིང་ཡོན་ཀྲེང་ཅུའེ་དགོན་དུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། “རྒྱུན་འཛིན་དང་ལྟ་སྲུང—ཡོན་མིང་ཡོན་གྱི་རིག་དངོས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན”སོགས་འགྲེམས་སྟོན་སྔ་རྗེས་སུ་བྱས་ཤིང་། གཡང་ཊིའི་ཀ་བ་7དང་། སེམས་ཅན་གྱི་ཟངས་མགོ་5 རིག་དངོས་འགྲེམས་རྫས་230ལྷག་ཙམ་བཅས་ལས་ལྟ་་སྐོར་བ་ཚོར་ལོ་བརྒྱའི་གོང་གི་ལོ་རྒྱུས་ཀྱི་བག་ཆགས་ཟབ་མོ་བཞག་པ་རེད།

    ཡོན་མིང་ཡོན་རིག་དངོས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་གྱིས་ཀྲེང་ཅུའེ་དགོན་གྱི་ལོ་རྒྱུས་དང་། ཡོན་མིང་ཞིག་གསོ། ཡོན་མིང་གི་ཤུལ་འཚོལ། བཟོ་བོའི་ཕུགས་འདུན་མངོན་འགྱུར། སྐྱེད་ཚལ་ཚོགས་ཀྱི་གཙུག་ནོར། འཕེལ་རྒྱས་ནས་ཉམས་རྒུད། འབད་འཐབ་གྲུབ་འབྲས་སོགས་ཀྱི་ཆ་ཤས་ལྟར་རིག་དངོས་དང་འགྲེམས་རྫས་230ལྷག་ཙམ་བཤམས་ནས་ཡོན་མིང་ཡོན་དོ་དམ་ཁྲུའུ་ཡིས་ལོ་མང་རིང་ཉམས་གསོ་བསྐྱར་སྐྲུན་དང་། གནའ་རྫས་སྔོན་འདོན། གནའ་ཤུལ་སྲུང་སྐྱོང་། རིག་དངོས་ཉམས་གསོ། གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་ཕྱིར་གྱར་རིག་དངོས་ཞིབ་འཇུག་དང་ཚུར་ལེན་སོགས་ཀྱི་རིག་དངོས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

    ཀྲེང་ཅུའེ་དགོན་གྱི་རྩེ་ཐོག་ཏུ་ཡོན་མིང་ཡོན་གྱི་ཚུར་རག་པའི་གཡང་ཊིའི་ཀ་བ་ཟླ་10ཚེས་13ཉིན་ནས་སྤྱི་དམངས་ལ་འགྲེམས་སྟོན་བྱས་ཤིང་། རིགས་གཅིག་མཁས་ཅན་གྱིས་བརྡར་ཤ་རགས་ཙམ་བཅད་པ་བརྒྱུད་འགྲེམས་སྟོན་བྱས་པའི་ཧན་རྒྱལ་རབས་ཀྱི་གཡང་ཊི་དཀར་པོའི་ཀ་བ་བདུན་ནི་ཡོན་མིང་ཡོན་ཕྱི་ལུགས་ཐོག་ཁང་གི་གནའ་ཤུལ་ཁུལ་ནས་ཡིན་པ་དང་། གཡང་ཊིའི་ཀ་བ་ཚང་མར་མེ་ཏོག་དང་རྒྱན་རིས་བརྐོས་ཡོད་པས་བརྐོས་རྩལ་ཁྱད་དུ་འཕགས་པ་ཞིག་ཡོད།

    ཟླ་10ཚེས་18ཉིན་ནི་ཡོན་མིང་ཡོན་མེར་བསྲེགས་ནས་ལོ་163འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང་། པའོ་ལི་སྒྱུ་རྩལ་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་སེམས་ཅན་བཅུ་གཉིས་ཀྱི་ཟངས་མགོ་སྟེ། གླང་མགོ་དང་། སྟག་མགོ སྤྲེལ་མགོ ཕག་མགོ་བཅས་ལོ་163འདས་རྗེས་ཡོན་མིང་ཡོན་ལ་རག་པ་མ་ཟད། རྟ་མགོ་དང་མཉམ་དུ“མགོ་ལྔ་མཉམ་འཛོམས། གནའ་བོའི་སྐྱེད་ཚལ་གྱི་ཉམས་བཟང”ཡོན་མིང་ཡོན་གྱི་སེམས་ཅན་གྱི་ཟངས་མགོ་དམིགས་བསལ་འགྲེམས་སྟོན་དེ་རྩེ་ཐོག་གི་ཐོག་སོ་གཉིས་པར་སྤྱི་དམངས་ལ་འགྲེམས་སྟོན་བྱས་པ་རེད།

    ཡོན་མིང་ཡོན་ལ“སྐྱེད་ཚལ་ཚོགས་ཀྱི་གཙུག་ནོར”ཞེས་བརྗོད་ཀྱི་ཡོད། 1860ལོར་དབྱིན་ཧྥ་མཉམ་འབྲེལ་དམག་མིས་མེར་བསྲེགས་རྗེས་སེམས་ཅན་གྱི་ཟངས་མགོ་བཅུ་གཉིས་ཚུད་པའི་རིག་དངོས་རྩ་ཆེན་འབོར་ཆེན་མེར་བསྲེགས་པའམ་ཡང་ན་ཁྲིམས་འགལ་ངང་འཕྲོག་བཅོམ་བྱས་པ་རེད། ཏང་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག་སེམས་ཅན་གྱི་ཟངས་མགོ་བདུན་ཚུད་པའི་ཡོན་མིང་ཡོན་གྱི་རྩ་ཆེའི་རིག་དངོས་རིམ་བཞིན་ཚུར་རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།