དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བྱ་ཐབས་སྣ་མང་སྤྱད་ནས་ཉ་ལས་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-24

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་ཆུ་ནང་གསོ་ཚགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རྒྱང་རིང་རྒྱ་མཚོའི་ཉ་ལས་ཚད་ལྡན་བདེ་འཇགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་སྒྲིག་བཀོད་ཉ་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ནས་ཉ་ལས་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འདི་ནི་གསར་འགོད་པར་ཞིང་ལས་གྲོང་གསེབ་པུས་ཚེས་19ཉིན་དང་ཚེས་20ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འཚོགས་པའི་ཉ་ལས་དེང་རབས་ཅན་འཛུཊ་སྐྱོང་ལ་སྐུལ་འདེད་གཏོང་བའི་ས་ཡུལ་དངོས་ཀྱི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།

    ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་མཱ་ཡིའུ་ཞང་གིས། ཚོགས་འདུར་ཆུ་ཐོན་གསོ་ཚགས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐད་ཆུ་ཐོན་གསོ་ཚགས་ལས་རིགས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གསོ་ཚགས་བྱེད་སྟངས་དང་ཁོར་ཡུག་མི་འདྲ་བར་འཚམ་པའི་སྤུས་ལེགས་དང་། ཕན་ཆེ། འགོག་ནུས་ཆེ་བ། བདེ་འཇགས་བཅས་ཀྱི་ཆུ་ཐོན་ཐོན་རྫས་གསོ་ཚགས་ཀྱི་སྣ་ཁ་གསར་པ་འདེམས་གསོ་བྱེད་པ། ཆུ་ཐོན་ཐོན་རྫས་གསོ་ཚགས་ལས་རིགས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཆུ་ཐོན་ཐོན་རྫས་གསོ་ཚགས་ལས་རིགས་ཀྱི་ཁེ་ལས་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།

    མཱ་ཡིའུ་ཞང་གིས་བརྟན་ཁྲོད་ཡར་བརྩོན་མཐའ་འཁྱོངས་བྱས་ཏེ། རྒྱང་རིང་རྒྱ་མཚོའི་ཉ་ལས་ཚད་ལྡན་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་ནན་དུ་བཏང་ནས་རྒྱང་རིང་རྒྱ་མཚོའི་ཉ་ལས་ལྟ་འདོམས་ཆེར་གཏོང་བྱ་སྤྱོད་རྒྱུན་མཐུད་སྤེལ་བ། རྒྱང་རིང་རྒྱ་མཚོའི་ཉ་ལས་ཁེ་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཉ་འཛིན་པ་དང་། གསོ་ཚགས། ལས་སྣོན། གྲང་ཕྲེང་། ཚོང་དོན་བཅས་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གཉེར་སྐྱོང་བྱེད་སྟངས་གཏོད་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།