དབུ་ཤོག
  • གཟའ་འཁོར་འདིར་གནམ་གཤིས་འགྱུར་ལྡོག་ཆེ་བས་ཡིན་གཅིག་དོ་སྣང་གནང་རོཊ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-23

    ཚེས་22ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་འདིར་རང་ལྗོངས་ཀྱི་ཤར་རྒྱུད་དུ་ཆར་པ་དབབ་ཀྱི་ཡོད་པ་དང་། དྲོད་ཚད་འཕར་ཆག་ཆེ་ཙམ་འདུག ནག་ཆུ་དང་། ཉིང་ཁྲི། ཆབ་མདོ་བཅས་ལ་ཆར་པ(གངས)འབབ་ཚད་རྒྱུན་གཏན་ལྟར་ཡིན་པ་དང་། དེ་མིན་གྱི་ས་ཆ་ཁག་ལ་ཆར་པ(གངས)ཉུང་ཙམ་འདུག ནག་ཆུ་དང་ཆབ་མདོར་ཆ་སྙོམས་དྲོད་ཚད་ཅུང་དམའ་བ་དང་། ས་ཆ་གཞན་དག་རྒྱུན་གཏན་ལྟར་རེད་འདུག

    ཚེས་23ནས་24ཉིན་བར། ནག་ཆུ་དང་ཉིང་ཁྲིར་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་དབབ་ཀྱི་ཡོད་པ་དང་ས་ཆ་ཁག་ཅིག་ལ་ཆར་པ(གངས)འབྲིང་བ་དབབ་ཀྱི་ཡོད་པ། ཆབ་མདོའི་བྱང་རྒྱུད་དང་། ལྷ་ས། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་ཀྱི་ཡོད་པ་དང་། ས་ཆ་ཁག་ཅིག་ལ་ཆར་པ(གངས)སིམ་སིམ་དབབ་ཀྱི་ཡོད་པ། དེ་མིན་གྱི་ས་ཆར་སྤྲིན་པ་མང་པོ་འཁོར་ཀྱི་ཡོད་པ་རེད།

    ཚེས་25ནས་27ཉིན་བར། ཉིང་ཁྲི་དང་། ཆབ་མདོ། ནག་ཆུའི་ཤར་རྒྱུད་དུ་ཆར་པ(གངས)ཆུང་བ་དབབ་ཀྱི་ཡོད་པ་དང་། ས་ཆ་ཁག་ཅིག་ལ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་དབབ་ཀྱི་ཡོད་པ། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་ཀྱི་ཡོད་པ་དང་། ས་ཆ་ཁག་ཅིག་ལ་ཆར་པ(གངས)སིམ་སིམ་དབབ་ཀྱི་ཡོད་པ། དེ་མིན་གྱི་ས་ཆར་སྤྲིན་པ་མང་པོ་འཁོར་གྱི་ཡོད་པ། གོང་གསལ་གྱི་ས་ཆ་ཁག་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་ཀྱི་ཡོད་པ་རེད།

    ཚེས་28ནས་29ཉིན་བར། མངའ་རིས་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་ཀྱི་ཡོད་པ་དང་། ས་ཆ་ཁག་གཅིག་ལ་ཆར་པ(གངས)སིམ་སིམ་དབབ་ཀྱི་ཡོད་པ། དེ་མིན་གྱི་ས་ཆར་སྤྲིན་པ་ཉུང་ཉུང་འཁོར་ནས་རིམ་བཞིན་མང་དུ་འགྲོ་ཡི་ཡོད་པ། གཟའ་འཁོར་འདིར་མངའ་རིས་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད་བཅས་ས་བབ་མཐོ་བའི་ས་ཁུལ་ལ་ལྷགས་པ་རིམ་པ་7ཡས་མས་རྒྱག་གི་ཡོད་པ་དང་། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་བྱང་རྒྱུད་བཅས་ལ་ལྷགས་པ་རིམ་པ་5ཡས་མས་རྒྱག་གི་ཡོད་པ་རེད།

    གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་འདོན་པར། གཟའ་འཁོར་འདིར་རང་ལྗོངས་ཀྱི་ཤར་རྒྱུད་དུ་ཆར་པ་འབབ་སྲིད་པས། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེར་འགོག་ཟོན་བྱེད་དགོས་པ་དང་། ཁྲོན་བོད་ལྕགས་ལམ་ལམ་རྒྱུད་དུ་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་འགོག་ཟོན་བྱེད་དགོས། ས་བབ་མཐོ་བའི་རི་ཁུལ་གྱི་གཞུང་ལམ་ལ་གངས་གསོག་དང་འཁྱག་པ་ཐེབས་སླ་བས་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མངོན་གསལ་དོད་པས། ཕྱི་རོལ་གྱི་རླུང་འགོག་བརྟན་གཏོང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།