དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལི་ཐང་གི་ཡིད་དབང་འཕྲོག་པའི་ཉམས་སྣང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-23

    འདི་ནི་བོད་རིགས་མང་ཚོགས་ཀྱིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གི་འབུམ་ཡག་རྩྭ་ཐང་དུ་ཞབས་བྲོ་འཁྲབ་བཞིན་པ།

    འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དུ་ནང་སོ་རྒྱས་འཕེལ་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པ་མི་རབས་བརྒྱད་པ་འཇམ་དབྱངས་ཡེ་ཤེས(གཡོན)ཀྱིས་ས་གནས་དེ་གའི་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

    འདི་ནི་2022ལོའི་ཟླ་5ཚེས་31ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ནས་པར་བླངས་པའི་འབུམ་ཡག་རྩྭ་ཐང་གི་རྣམ་པ་ཡིན་པ།

    འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དུ་ཡུལ་སྐོར་བས་བོད་རིགས་ཀྱི་ཆ་ལུགས་རྒྱན་གོས་ལ་མྱོང་རོལ་བྱེད་བཞིན་པ།

    འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དུ་བོད་རིགས་ཀྱི་སྲོལ་རྒྱུན་ཁང་པར་སྒྱུར་བཀོད་བྱས་ནས་བཟོས་པའི་བོད་ཟས་ཁང་ཞིག་གི་སྒོ་རའི་ནང་ཡུལ་སྐོར་བས་པར་རྒྱག་བཞིན་པ།

    འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ལི་ཐང་གནའ་བོའི་གྲོང་རྡལ་གྱི་བོད་ཁྱིམ་གྲོང་སྡེ་ཡིན་པ།

    ལི་ཐང་ནི་སི་ཁྲོན་ནུབ་ཕྱོགས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་གི་སར་གནས་པ་དང་། རྒྱལ་ལམ་318ཀྱི་ལྟེ་བའི་ཁུལ་དུ་འཁེལ་ཞིང་། འདི་གའི་གངས་རི་དང་འཁྱགས་རོམ་བརྗིད་ཆགས་ཡིད་དུ་འོང་བ་དང་། གདོད་མའི་ནགས་ཚལ་སྟུག་ཅིང་རྒྱ་ཆེ་བ། འདམ་ར་དང་མཚོ་མཚེའུ་གྲངས་ལས་འདས་པ། ས་འོག་ཚ་ནུས་དང་ཆུ་ཚན་ཁྱད་དུ་འཕགས་པ་ཡོད། “བོད་ཁྱིམ་སྟོང་ཕྲག་གི་གྲོང་སྡེའི”མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་མྱོང་རོལ་བྱེད་སྒོ་ལས་ཡུལ་སྐོར་བ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་ལ་མྱོང་རོལ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།