དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་འཛད་རྫས་འཕར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-23

    ཟླ་10ཚེས་21ཉིན། གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྲུང་གོའི་དངོས་ཟོག་ཨང་སྒྲིག་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་འཛད་རྫས་ཀྱི་སྣ་ཁ་ཁྲི་1388.9མང་དུ་ཕྱིན་པ་དེ་དུས་མཚུངས་ལས་13.5%འཕར་ནས་འཛད་རྫས་ཀྱི་སྣ་ཁ་ཁྲི་18579.8ཟིན་ཡོད་པ་རེད། ཀྲུང་གོའི་དངོས་ཟོག་ཨང་སྒྲིག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་པར་གཞིགས་ན། 2022ལོར་འཛད་རྫས་ཀྱི་སྣ་ཁ་ཁྲི་1676.9འཕར་བ་དེ་དུས་མཚུངས་ཀྱི་འཕར་ཚད་-7.1%དང་བསྡུར་ན་2023ལོར་རང་རྒྱལ་གྱི་འཛད་རྫས་འཕར་འགོ་ཚུགས་པ་མཐོང་ཐུབ། དེ་ཐོག་ནས་ཁྲོམ་རའི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་པ་དང་། ཚོང་ཟོག་གསར་པ་ཁྲོམ་རར་འགྲེམས་པའི་མྱུར་ཚད་མགྱོགས་སུ་ཕྱིན་པ། ཁེ་ལས་ཀྱི་གསོན་ཤུགས་ཆེ་རུ་ཕྱིན་པ། གྲོང་མིའི་འཛད་སྤྱོད་དགོས་མཁོ་རིམ་བཞིན་ཆེ་རུ་ཕྱིན་པ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བཅས་མཚོན་པ་དང་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།

    འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གསར་དུ་འཕར་བའི་འཛད་རྫས་མུ་མཐུད་འཕར་བའི་རྣམ་པ་མངོན་ཞིང་། དུས་ཚིགས་དང་པོར་རང་རྒྱལ་གྱི་འཛད་རྫས་ཀྱི་སྣ་ཁ་ཁྲི་336.4འཕར་ནས་0.03%འཕར་བ་དང་། དུས་ཚིགས་གཉིས་པར་སྣ་ཁ་ཁྲི་516.2འཕར་ནས་21.2%འཕར་བ། དུས་ཚིགས་གསུམ་པར་སྣ་ཁ་ཁྲི་536.3འཕར་ནས་16.2%འཕར་ཡོད། གྲངས་གཞིར་ཕྱིར་ལྟ་བྱས་ཚེ། 2022ལོའི་དུས་ཚིགས་བཞི་པོ་དུས་མཚུངས་ལས་-30.6%དང་། 4.6% 4.8% -4.4%བཅས་སོ་སོར་འཕར་ཡོད་པ་རེད། འགན་འཁུར་བ་དེས་ངོས་འཛིན་བྱས་དོན། 2022ལོ་འཁོར་མོར་བསྐྱར་འཕར་གྱི་རྣམ་པ་མངོན་རུང་བརྟན་པོ་དེ་ཙམ་མེད་པ་དང་། 2023ལོའི་དུས་ཚིགས་དང་པོར་འཁྱོག་མཚམས་ཐོན་ནས་གསར་དུ་འཕར་བའི་འཛད་རྫས་ཡང་བསྐྱར་འཕར་བ་མ་ཟད། དུས་ཚིགས་གཉིས་པ་དང་གསུམ་པར་བསྟུད་མར་འཕར་བ་དང་། གསར་དུ་འཕར་བའི་འཛད་རྫས་ཀྱི་སྣ་ཁའི་གྲངས་འབོར་ཆག་པ་ནས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།