དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་གསེབ་ཀྱི་བྱིས་པའི་ལྟ་ཀློག་གི་ཕུགས་འདུན་འགྲུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-23

    ཉེ་ཆར་སི་ཁྲོན་ཁྲེང་ཏུའུ་རུ་སྤེལ་བའི“2023ལོའི་དུས་རབས་གསར་པའི་གྲོང་གསེབ་ཀྱི་ལྟ་ཀློག་གི་མཛད་སྒོ་གཟབ་རྒྱས”ཐོག“ཀྲེ་ཅང་དང་སི་ཁྲོན་གྱི་མཛའ་གྲོགས་ལས་ལྟ་ཀློག་གི་ཕུགས་འདུན་ཆུང་ངུ་འགྲུབ”ཅེས་པའི་བྱེད་སྒོའི་ཕུགས་འདུན་འགྲུབ་པའི་མཛད་སྒོ་གཉེར་བ་རེད།

    “ཀྲེ་ཅང་དང་སི་ཁྲོན་གྱི་མཛའ་གྲོགས་ལས་ལྟ་ཀློག་གི་ཕུགས་འདུན་ཆུང་ངུ་འགྲུབ”ཅེས་པ་ནི“2023ལོའི་དུས་རབས་གསར་པའི་ལྟ་ཀློག་བྱེད་སྒོའི་དུས་ཚིགས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་དེ་བཞིན་2023ལོའི་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་གྱི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་རེད། དེ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་འགྲེམས་སྤེལ་ཅུས་དང་། ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ། སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའུ་སོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲེ་ཅང་དཔེ་སྐྲུན་མཉམ་འབྲེལ་ཚོགས་པ་དང་སི་ཁྲོན་ཤིན་ཧྭ་དཔེ་སྐྲུན་འགྲེམས་སྤེལ་ཚོགས་པས་གཙོ་གཉེར་བྱས་པ། ཀྲེ་ཅང་དང་སི་ཁྲོན་ས་གནས་གཉིས་ཀྱི་རྫོང(ཆུས)174དང་། ཞིང་ཁྱིམ་དཔེ་ཁང་2000 དེ་བཞིན་མཐའ་འཁོར་གྱི་སློབ་གྲྭ་བཅས་ལ་བརྟེན་ནས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཕྱོགས་ཏེ“དཔེ་ཀློག་གི་ཕུགས་འདུན་ཆུང་ངུ”20000བསྡུ་རུབ་བྱས་ཡོད། བྱེད་སྒོ་སྤེལ་རིང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐོང་འཐེན་རྒྱ་ཁྱབ་བྱས་ནས་སྨྱན་སྦྱོར་གསར་པའི་ཐབས་ལམ་བཏོད་དེ་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣས་དཔེ་ཀློག་ཕུགས་འདུན་གྱི་དཔེ་དེབ་ཀྱི་དཀར་ཆག་ངོས་འཛིན་བྱས་ནས་གྲོང་གསེབ་ཀྱི་བྱིས་པའི་དཔེ་ཀློག་གི་ཕུགས་འདུན་ཐུན་མོང་ཐོག་འགྲུབ་རྒྱུར་སྐུལ་ལྕག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོ་ནས་བཟུང་སི་ཁྲོན་ཤིན་ཧྭ་དཔེ་སྐྲུན་འགྲེམས་སྤེལ་ཚོགས་པ་དང་། ཤིན་ཧྭ་ཝུན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིས་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་གྱི་ལས་སྟེགས་དང་གཞི་རིམ་རིག་གནས་ཀྱི་གཡུལ་སར་བརྟེན་ནས་སི་ཁྲོན་ས་ཁུལ་གྱི་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཕྱོགས་ཏེ“ལྟ་ཀློག་གི་ཕུགས་འདུན་ཆུང་ངུ”ཁྲི་ཕྲག་ཙམ་བསྡུ་རུབ་དང་མངོན་འགྱུར་བྱེད་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།