དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་ཀྱིས་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་ལ་སྒོར་ཁྲི་6845བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-23

    ཉིན་ཤས་གོང་། རྒྱལ་ཁབ་རིག་དངོས་ཅུས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། ཚོགས་འདུ་ཐེངས་དང་པོ་ཡང་འཚོགས་པ་རེད།

    བོད་ཀྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་བཀོལ་སྤྱོད་དང་ཚན་རྩལ་ལ་བརྟེན་ནས་རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། 2018ལོར་རྒྱལ་ཁབ་ཀྱིས་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། ལོ་4ལྷག་ཙམ་རིང་སྒོར་ཁྲི་6845བཏང་ནས་རྣམ་གྲངས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ཡོད། ཚན་རྩལ་པུས“ཤིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ཉམས་གསོའི་འགག་རྩའི་ལག་རྩལ་དང་དེ་བཞིན་བཀོལ་སྤྱོད་དཔེ་སྟོན”རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གཙོ་གནད་འཆར་གཞིའི་ནང་བཅུག་ནས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཉམས་གསོར་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་དང་པེ་ཅིང་སློབ་ཆེན་སོགས་དང་མཉམ་ལས་གཏིང་ཟབ་བྱས་པ་དེ་དག་ཚད་ལྡན་ཡིག་ཆ་ཉམས་གསོ་དང་། སྔོན་འགོག་རང་བཞིན་དང་གྲངས་གཞི་ཅན་གྱི་སྲུང་སྐྱོབ། བོད་ཡིག་དང་ལེགས་སྦྱར་ཡི་གེར་ཞིབ་འཇུག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད།

    རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་། ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་རྣམ་གྲངས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཆུན་གྱིས། ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོབ་བཀོལ་སྤྱོད་ཡག་པོ་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱིས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་རིག་དངོས་བོད་སྐྱོར་བྱེད་པའི་དཔེ་མཚོན་གལ་ཆེན་ཞིག་རེད་ལ། ལོ་རྒྱུས་དང་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།