བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས།
བརྙན་འཕྲིན་གྱི“བསྐྱར་ཟློས་རྣམ་པའི”གྲོན་དངུལ་བསྡུ་བ་དང་བཀོལ་སྤྱོད་རྙོག་འཛིང་ཆེ་རིགས་བཅོས་སྒྲིག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ།
ཟླ་8ཚེས་21ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་ཐོག་བརྙན་འཕྲིན་གྱི“བསྐྱར་ཟློས་རྣམ་པའི”གྲོན་དངུལ་བསྡུ་བ་དང་བཀོལ་སྤྱོད་རྙོག་འཛིང་ཆེ་རིགས་བཅོས་སྒྲིག་གི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་གྲོལ་རྗེས་བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཏང་ཙུའུ་ཡིས་འཕྲལ་མར་ཆེད་དོན་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་བྱས་ཤིང་། དུས་མཚམས་དབྱེ་ནས་བཅོས་སྒྲིག་ལས་དོན་སྤེལ་ཏེ“བརྙན་འཕྲིན་ལྟ་དཀའ་བ་དང་བརྙན་འཕྲིན་ལྟ་འདོད་མེད་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་བརྙན་འཕྲིན་ལྟ་མཁན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད།
དུས་མཚམས་དང་པོའི་ལས་འགན་གཞིར་བཟུང་། ཟླ་བཅུ་པའི་ཟླ་དཀྱིལ་བར་སྐུད་ཡོད་བརྙན་འཕྲིན་གྱི་བཀོལ་སྤྱོད་རྙོག་འཛིང་ཆེ་བའི་ཐད། ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་བོད་ལྗོངས་དྲ་རྒྱ་ཚད་ཡོད་ཀུང་སིས་འཕྲིན་ལམ་སྒྱུར་སྒམ་གྱི་མཉེན་ཆས་གསར་སྤེལ་དང་ཚད་ལེན་ཚོད་ལྟ་གཞི་རྩའི་ཆར་ལེགས་སྒྲུབ་བྱས་པ་དང་། འཕྲིན་ལམ་སྒྱུར་སྒམ་གྱི་ཁ་ཕྱེ་བའི་དུས་ཚོད་མ་ལག་ནས་ཚད་ལེན་ཚོད་ལྟ་བྱས་པ་ལྟར་ན་སྤྱིའི་དུས་ཚོད་སྐར་ཆ་30ལས་འགོར་གྱི་མེད་ལ། འཕྲིན་ལམ་སྒྱུར་སྒམ་གྱི་ངོས་དང་པོའི“ཐད་གཏོང་སྐར་ཁུང”དང“ཕྱིར་ལྟ་བ”སོགས་ལེ་ཚན་རིན་མེད་ངང་སྤྱོད་མཁན་ལ་བསྟན་པ་དང་། འཕྲིན་ལམ་སྒྱུར་སྒམ་གྱི་ངོས་དང་པོའི་བཅོས་སྒྲིག་གཞི་རྩའི་ཆར་འཆར་འགོད་ལེགས་སྒྲུབ་བྱས་ཡོད་པ་རེད། IP-TVབཀོལ་སྤྱོད་རྙོག་འཛིང་ཆེ་རིགས་བཅོས་སྒྲིག་ཐད། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་འཕྲིན་ལམ་སྒྱུར་སྒམ་བཀོལ་སྤྱོད་དུས་ཚོད་ཐུང་དུ་བཏང་ནས་ཁ་ཕྱེ་བའི་སྤྱིའི་དུས་ཚོད་སྐར་ཆ་35ཡི་ནང་ཚུན་དུ་ཟིན་པ་བྱས་ཡོད་པ་རེད། བོད་ཀྱི་IPTVཐད་མིག་སྔར་མཉམ་གཏོང་གི་བྱེད་ཐབས་སྤྱོད་ཀྱི་ཡོད་པ་དང་འཕྲིན་ལམ་བསྒྱུར་བའི་ཐད་FCCལག་རྩལ་དང་C/Sསྒྲོམ་གཞི་བརྗེས་ནས་སྤྱད་པ་དེ་དྲ་རྒྱའི་བླང་བྱ་དང་མཐུན་གྱི་ཡོད། བརྙན་འཕྲིན་ཁ་ཕྱེ་བའི་པར་རིས་དང་། ཁ་ཕྱེ་སྟངས་བདམས་པ།“བརྙན་འཕྲིན་ལྟ་བའི”ལེ་ཚན་སྒྱུར་ངོས། དེ་བཞིན་སྐར་ཆ་20ཡི་རིང་རང་འགུལ་ངང་ཐད་གཏོང་འཕྲིན་ལམ་དུ་འཛུལ་བ། འཕྲིན་ལམ་སྒྱུར་སྒམ་གྱི་ནུས་པ་གཞན་དག་སོགས་གསར་སྤེལ་བྱེད་བཞིན་ཡོད་པ་རེད།