ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཡོ་རོབ་དང་ཨ་རིའི་སློབ་ཚོགས་བཙུགས་ཏེ་ལོ་110འཁོར་བར་རྟེན་འབྲེལ་ཞུ་སྐབས་ནན་བཤད་གནང་དོན།
ཏང་དང་རྒྱལ་ཁབ་ཀྱིས་བྱ་གཞག་འཕེལ་རྒྱས་ཆེད་གནམ་འོག་གི་ཤེས་ལྡན་པ་དང་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས།
ཝང་ཧུའུ་ཉིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ།
རྟེན་འབྲེལ་འཕྲིན་ཡིག
ཡོ་རོབ་དང་ཨ་རིའི་སློབ་ཚོགས་བཙུགས་ནས་ལོ་110འཁོར་བའི་སྐབས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཡོ་རོབ་དང་ཨ་རིའི་སློབ་ཚོགས(ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མཐུན་འབྲེལ་ལྷན་ཚོགས)ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་མ་ཟད། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་དང་ཕྱི་སྦྱོང་སློབ་མའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།
ཡོ་རོབ་དང་ཨ་རིའི་སློབ་ཚོགས་ནི་ཏང་གི་འགོ་ཁྲིད་འོག་མང་ཚོགས་རང་བཞིན་དང་། གནས་ཚད་མཐོ་བའི་རང་བཞིན། འཐབ་ཕྱོགས་གཅིག་གྱུར་རང་བཞིན་བཅས་ལྡན་པའི་མི་དམངས་ཚོགས་པ་ཞིག་ཡིན་པ་དང་། དེ་ཉིད་བཙུགས་ནས་ལོ་110ཡི་ནང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་དམ་ཟབ་ཀྱིས་རྒྱ་ཆེའི་ཕྱི་སྦྱོང་སློབ་མས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རྒྱང་ལམ་གསར་པར་ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱིས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་ཤེས་ལྡན་པའི་མཛོད་དང་། ཐབས་འདོན་ཇུས་འབུལ་གྱི་ཇུས་འདོན་ཚོགས་པ། དམངས་ཁྲོད་ཀྱི་ཕྱི་འབྲེལ་སྟོབས་གསར་དམག་བཅས་ཀྱི་ནུས་པ་མུ་མཐུད་བཏོན་ཏེ། བསམ་བློའི་ཁྲིད་སྟོན་དང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་གནམ་འོག་གི་ཤེས་ལྡན་པ་དང་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་ཚོས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དམངས་ཆེད་རྒྱལ་གཅེས་དང་། རང་རྟོན་རང་དར། གསར་འབྱེད་ཡར་བརྩོན། སྒོ་དབྱེ་བསྟུན་མཁས་བཅས་ཀྱི་སྒོ་ནས་གསར་གཏོད་ལས་གཏོད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རོགས་རམ་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་མི་ཚེའི་བྱས་རྗེས་གསར་པ་གཏོད་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས།
2023ལོའི་ཟླ་10ཚེས་21ཉིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཡོ་རོབ་དང་ཨ་རིའི་སློབ་ཚོགས་བཙུགས་ནས་ལོ་110འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཡོ་རོབ་དང་ཨ་རིའི་སློབ་ཚོགས(ཀྲུང་གོའི་ཕྱི་སྦྱོང་སློབ་མའི་མཐུན་འབྲེལ་ལྷན་ཚོགས)ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་དང་ཕྱི་སྦྱོང་སློབ་མའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཡོ་རོབ་དང་ཨ་རིའི་སློབ་ཚོགས་ནི་ཏང་གི་འགོ་ཁྲིད་འོག་མང་ཚོགས་རང་བཞིན་དང་། གནས་ཚད་མཐོ་བའི་རང་བཞིན། འཐབ་ཕྱོགས་གཅིག་གྱུར་རང་བཞིན་བཅས་ལྡན་པའི་མི་དམངས་ཚོགས་པ་ཞིག་ཡིན་པ་དང་། དེ་ཉིད་བཙུགས་ནས་ལོ་110ཡི་ནང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་དམ་ཟབ་ཀྱིས་རྒྱ་ཆེའི་ཕྱི་སྦྱོང་སློབ་མས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱིས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་ཤེས་ལྡན་པའི་མཛོད་དང་། ཐབས་འདོན་ཇུས་འབུལ་གྱི་ཇུས་འདོན་ཚོགས་པ། དམངས་ཁྲོད་ཀྱི་ཕྱི་འབྲེལ་སྟོབས་གསར་དམག་བཅས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། བསམ་བློའི་ཁྲིད་སྟོན་དང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་གནམ་འོག་གི་ཤེས་ལྡན་པ་དང་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་ཚོས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དམངས་ཆེད་རྒྱལ་གཅེས་དང་། རང་རྟོན་རང་དར། གསར་འབྱེད་ཡར་བརྩོན། སྒོ་དབྱེ་བསྟུན་མཁས་བཅས་ཀྱི་སྒོ་ནས་གསར་གཏོད་ལས་གཏོད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རོགས་རམ་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་མི་ཚེའི་བྱས་རྗེས་གསར་པ་གཏོད་རྒྱུའི་རེ་བ་ཡོད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་འགོད་རྒྱུ)
ཡོ་རོབ་དང་ཨ་རིའི་སློབ་ཚོགས་བཙུགས་ནས་ལོ་110འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་21ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཞི་ཅིན་ཕིང་གིས་ཡོ་རོབ་དང་ཨ་རིའི་སློབ་ཚོགས་བཙུགས་ནས་ལོ་110འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས་ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱིས་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱི་ལས་འགན་གསལ་བཤད་གཏིང་ཟབ་གནང་བ། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་ཚོར་ཐུགས་རེ་ནན་པོ་བཏོན་གནང་བ། དུས་རབས་གསར་པའི་ཕྱི་སྦྱོང་སློབ་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བཅས་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་དུས་རབས་གསར་པ་ནི་ཤེས་ལྡན་པ་འབོད་སྐུལ་བྱེད་པ་ཞིག་ཡིན་ལ། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་དུས་རབས་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། རྒྱ་ཆེའི་ཕྱི་སྦྱོང་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ཏེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་གསོ་བའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་འཛམ་གླིང་དུ་སློབ་སྦྱོང་བྱས་ནས་ཀྲུང་ཧྭ་ཡི་ཕུགས་འདུན་སྒྲུབ་པའི་རྒྱང་ལམ་ཐོག་མི་ཚེའི་ལེའུ་གསར་པ་རྩོམ་དགོས། རྒྱལ་གཅེས་དམངས་ཆེད་བློ་ལ་བརྟན་པོར་བཅངས་ནས་རང་རྟོགས་ངང་རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་དེ་མེས་རྒྱལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་ཁྱབ་པ་དང་མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་འབད་འཐབ་ཁྲོད་ཁྱབ་པ་བྱས་ནས། རྒྱལ་གཅེས་ཀྱི་སྤྲོ་སེམས་ཆེན་པོས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས། རང་རྟོན་རང་དར་བློ་ལ་བརྟན་པོར་ངེས་པ་དང་། རང་སྟོབས་རང་སྤེལ་གྱི་བློ་སྟོབས་འཛུགས་པ། འབད་བརྩོན་ལྷོད་མེད་ཀྱི་སྙིང་རུས་ཆེ་བ། རང་ཚུགས་རང་རྟེན་གྱི་གདིང་ཤུགས་ལྡན་པ་བཅས་བྱས་ནས་ཡིད་ཆེས་དང་དད་སེམས་བརྟན་དུ་བཏང་སྟེ་མདུན་སྐྱོད་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། གསར་འབྱེད་ཡར་བརྩོན་དང་། སྔོན་བྱོན་པ་ལས་བརྒལ་ཕོད་པ་དང་། དུས་རབས་ཀྱི་སྣེ་ཁྲིད་ཕོད་པ། འཛམ་གླིང་གི་ངོ་མཚར་གཏོད་ཕོད་པ་བཅས་ཀྱི་བློ་སྟོབས་ཆེ་ཞིང་ཕུགས་བསམ་ལྡན་པ་དང་འབད་འབུངས་ཡར་བརྩོན་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། དེ་བས་འབད་འཐབ་ཀྱིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱེད་དགོས། སྒོ་དབྱེ་བསྟུན་མཁས་བློ་ལ་བརྟན་པོར་བཅངས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་མཐུན་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་དང་སྦྲེལ་ཐག་ཡག་པོ་བྱེད་པ་དང་ནང་འདྲེན་ཕྱི་འབྲེལ་གྱི་ལེགས་ཆར་བརྟེན་ནས་ཕྱི་ཕྱོགས་དང་སྤེལ་རེས་འགྲོ་འོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་གཏོང་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཤེས་ལྡན་པའི་མཛོད་དང་། ཐབས་འདོན་ཇུས་འབུལ་གྱི་ཇུས་འདོན་ཚོགས་པ། དམངས་ཁྲོད་ཕྱི་འབྲེལ་གྱི་སྟོབས་ཤུགས་གསར་པ་བཅས་ཀྱི་ནུས་པ་བཏོན་ཏེ་རྒྱ་ཆེའི་ཕྱི་སྦྱོང་སློབ་མ་ཚོ་ཏང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲེ་ཐའེ་ཧྥུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱི་ཚོགས་གཙོ་ཏིང་ཀྲུང་ལི་ཡིས་སྙན་ཞུ་གནང་བ་རེད།
ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་ཚོགས་གཙོ་དབྱང་དབན་མིང་གིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་དང་། ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་རྒྱུན་ལས་སློབ་སྤྱི་གཞོན་པ་ཕན་ཅན་ཝུའེ་ཡིས་ཕྱི་སྦྱོང་སློབ་མའི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་གི་འགན་འཁུར་བ། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་ཁག་གཅིག ཡོ་རོབ་དང་ཨ་རིའི་སློབ་ཚོགས་ཀྱི་རིམ་ཁག་དང་རིགས་ཁག་གི་རྩ་འཛུགས་ཀྱི་འགན་འཁུར་བ། རྒྱལ་ཁབ་ཕྱི་ནང་གི་ཕྱི་སྦྱོང་སློབ་མའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།