དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པར་ཙིར་གྱི་གྲོས་ཁང་འོག་མའི་གྲོས་དཔོན་ལི་ལ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པར་ཙིར་གྱི་གྲོས་ཁང་འོག་མའི་གྲོས་དཔོན་ལི་ལ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོའི་དཔྱིད་ཀར་ཙུང་ཐུང་ལུའུ་ལ་ཡིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་ཞིང་། ང་དང་ཁོང་དབར་གྲུབ་འབྲས་ལྡན་པའི་ཐུག་འཕྲད་བྱས་ནས་དུས་རབས་གསར་པའི་ཀྲུང་པར་འབྲེལ་བར་ཁྲིད་སྟོན་བྱེད་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་དང་པར་ཙིར་ནི་སའི་གོ་ལའི་ཤར་ནུབ་གཞོགས་གཉིས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་ལ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་གསར་དར་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་རེད། ཟང་ཟིང་ཆེ་བའི་འཛམ་གླིང་གི་མདུན་དུ་ཀྲུང་པར་གཉིས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རམ་འདེགས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་པར་ཙིར་གྱི“བཟོ་ལས་བསྐྱར་མ་ཅན”དང“མྱུར་འཕར་འཆར་གཞི”གསར་པ་དང་ཚད་མཐོའི་གཅིག་མཐུན་ཡིན་པས། རྦད་དེ་འབྲེལ་མཐུད་ཐུབ་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་ཐུབ་སྲིད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱིས་སང་ལོ་གཙོ་གཉེར་བྱེད་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་དང་གནངས་ཕོད《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་འཚོག་པར་རྒྱབ་སྐྱོར་བྱེད་ལ་པར་ཙིར་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་འདོད་ཡོད།

    ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་པར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་ལོ་ཡིན་ལ། སང་ལོ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་སྔ་འཛིན་ཕྱི་གཏོད་དང་མདུན་ལམ་ཆེན་པོ་ཡོད། པར་ཙིར་གྱི་རྒྱལ་ཚོགས་ནི་ཀྲུང་པར་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། གྲོས་ཁང་འོག་མའི་སྐུ་ཞབས་གྲོས་དཔོན་དང་གྲོས་མི་རྣམ་པས་ཀྲུང་པར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་པར་གྱི་འབྲེལ་བ་སྔར་བས་ལེགས་པའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།