རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་དོགས་ཅན་2349རང་རྒྱལ་ལ་རྩིས་སྤྲད་པ།
སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་བྱང་རྒྱུད་ནས་བྱུང་བའི་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་དམིགས་ཏེ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ལྷོད་མེད་ཀྱིས་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཐེངས་མང་སྤེལ་ནས། ཁ་བསླུས་ཀྱི་ཚང་ངན་མེད་པར་བཟོ་བ་དང་ཁ་བསླུས་དང་འབྲེལ་བ་ཡོད་པའི་མི་ཁྲིམས་ལྟར་མཐའ་གཅིག་ཏུ་བཟུང་པའི་རྨང་གཞིའི་ཐོག ཉེ་ཆར་ཡུན་ནན་ཕུའུ་ཨར་སྤྱི་བདེ་ལས་ཁུངས་དང་འབར་མའི་འབྲེལ་ཡོད་ས་གནས་ཀྱི་ཁྲིམས་སྒྱུར་སྡེ་ཚན་གྱིས་མཐའ་མཚམས་ཀྱི་ཉེན་རྟོག་ལས་དོན་གྱི་ཁྲིམས་སྒྱུར་མཉམ་ལས་བྱས་ནས། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཅན་2349བཟུང་སྟེ་རང་རྒྱལ་ལ་རྩིས་སྤྲད་པ་རེད། དེ་ནི་འབར་མའི་བྱང་རྒྱུད་ནས་བྱུང་བའི་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ཚུན་རྩིས་སྤྲོད་ཐེངས་མང་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། དེར་དྲ་ཐོག་གི་བྲོས་བྱོལ་བ་111ཚུད་ཡོད།