དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་ལྷོ་མཉམ་ལས་ཆེད་དུ་མིག་དཔེ་བཟང་པོ་སྟོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-22

    དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུ་པར་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་ལྕགས་ལམ་གྱི་བཟོ་པ་ཁྲི་ཕྲག་ཨ་ཧྥེ་རི་ཁར་བསྐྱོད་དེ་ཐན་ཙན་ནི་ཡ་དང་ཙན་པི་ཡའི་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་ཨ་ཧྥེ་རི་ཁ་ཤར་རྒྱུད་དང་དབུས་ལྷོའི་རྒྱུད་དུ་ཤར་གཏོང་ཐུབ་པའི་ཐན་ཙན་ལྕགས་ལམ་བསྐྲུན་ཡོད། ཐན་ཙན་ལྕགས་ལམ་ལ་ཨ་ཧྥེ་རི་ཁའི“མཛའ་གྲོགས་ལམ་བུ”དང“རང་དབང་ལམ་བུ”ཞེས་བརྗོད་ཀྱི་ཡོད། འདི་ནི་ཙན་པི་ཡའི་ལུའུ་ཤིས་བ་ཤིས་མཚེའུ་ཡི་ངོགས་ཀྱི་ལོ་ཆུང་བྱིས་པ་ཚོས་ཐན་ཙན་ལྕགས་ལམ་ཁོ་ཚོའི་ཕ་ཡུལ་དུ་ཤར་གཏོང་ཐུབ་པར་དགའ་བསུ་ཞུ་བཞིན་པ། (1976ལོར་པར་བླངས)

    འདི་ནི་2019ལོའི་ཟླ་12ཚེས་20ཉིན་གྱི་ཆུ་ཚོད་11དང་སྐར་མ་22ཐོག་རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱང་སྐྱོད་ཨང་བཞི་པ་ཁ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཀྲུང་པར་སའི་གོ་ལའི་ཐོན་ཁུངས་སྲུང་སྐར་ 04A གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ་དང་ད་ཐེངས་ཀྱི་ལས་འགན་ནང་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི“ལྷོ་ལྷོ་མཉམ་ལས”རྣམ་གྲངས་—ཨེ་ཙེ་ཨོ་ཕི་ཡར་སྤྲད་པའི་སྲུང་སྐར་ཆུང་གྲས་དང“ཐེན་ཆིན་དང་པོའི”ལག་རྩལ་ཚོད་ལྟའི་སྲུང་སྐར་སོགས་སྲུང་སྐར་8མཉམ་དུ་འཕེན་གཏོང་བྱས་པ་རེད།

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་འོད་ཤུགས་གློག་གཏོང་རྣམ་གྲངས་དེར་2020ལོའི་ཟླ་9ཚེས་26ཉིན་ས་གནས་དེ་གའི་གློག་ཤུགས་ཁྲོམ་རའི་དོ་དམ་སྒྲིག་གཞིའི་ཆོག་མཆན་ཐོབ་ནས་དངོས་སུ་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། རྣམ་གྲངས་དེས་ཉུང་མཐར་ཡང་ཨ་ཀེན་ཐིན་གྱི་ཁྱིམ་ཚང་ཁྲི་6གི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། འདི་ནི་2020ལོའི་ཟླ་5ཚེས་11ཉིན་མཁའ་དབྱིངས་ནས་པར་བླངས་པའི་ཨ་ཀེན་ཐིན་ཧུའུ་ཧུའུ་དབྱི་ཞིང་ཆེན་གྱི་ཀའོ་ཁྲ་རུའེ་ཡི་ཀྲའོ་ཝ་300ཡི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་འོད་ཤུགས་གློག་པང་ཡིན་པ།

    2012ལོ་ནས་བཟུང་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་འོག་ཀྲུང་གོས་ཝུའུ་ཀན་ཏར་ཞིང་ལས་ཀྱི་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་བཏང་ནས་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འདི་ནི་2021ལོའི་ཟླ་6ཚེས་2ཉིན། ཝུའུ་ཀན་ཏའི་ཁ་ལུང་ཀུའུ་ཆུས་ལུའུ་ཁ་ཡ་གྲོང་རྡལ་གྱི་ཀྲུང་དབྱི་ཞིང་ལས་གླིང་དུ་ལས་དོན་མི་སྣ་ཧོ་པོ་ཐེ·ཨ་ཅ་པས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུར་བརྟེན་ནས་ཞིང་སྨན་གཏོར་བཞིན་པའི་གནས་ཚུལ་ཡིན་པ།

    ས་གནས་དེ་གའི་བཟོ་བཀོད་མཛེས་རྩལ་བཟོ་པ་ལོ་གཅིག་གསོ་སྦྱོང་བྱས་པ་བརྒྱུད་ཀྲུང་གོའི་འཚེམ་དྲུབ་ཀྱི་སྲོལ་རྒྱུན་བཟོ་རྩལ་ཁོང་དུ་ཆུད་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་འཚེམ་དྲུབ་ཅ་ལི་པི་ཡའི་གླིང་ཕྲན་རྒྱལ་ཁབ་ཏུ་དར་ཁྱབ་བྱུང་ཡོད། འདི་ནི་ཀྲུང་གོའི་འཚེམ་དྲུབ་ལག་རྩལ་མི་སྣ་ཀྲང་ཅན་གྱིས་པཱ་པཱ་ཏུའོ་སིའི་སློབ་མ་ཚོར་འཚེམ་དྲུབ་རྒྱག་སྟངས་སློབ་བཞིན་པ། (1986ལོར་པར་བླངས)

    ཀྲུང་གོར་བྱེ་སྟོངས་སུ་འགྱུར་བ་བཅོས་སྒྲིག་གི་ཕན་འབྲས་ཐོན་པའི་ལག་ཆ་ཡིན་པའི་ཤ་མོ་ཧྥི་ཅིར་བཏབ་པས་རྒྱལ་ཁབ་དེའི་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས། ས་གནས་དེ་གའི་དམངས་ཚོགས་ཀྱིས་ཧྥི་ཅིའི་དབུལ་པོ་ཉུང་གཏོང་དང་ཕྱུག་འགྱུར་ལ་རམ་འདེགས་བྱེད་པའི“བདེ་སྐྱིད་ཤ་མོ”ཞེས་བརྗོད་ཀྱི་ཡོད། འདི་ནི་2018ལོའི་ཟླ་6ཚེས་12ཉིན་ཧྥི་ཅིའི་ནན་ཏིར་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་གླ་པས་ཤ་མོ་སྐྱེ་ཚུལ་ལ་ལྟ་བཞིན་པ།

    འདི་ནི་2018ལོའི་ཟླ་6ཚེས་18ཉིན་ཀག་ནའི་ཤར་རྒྱུད་ཞིང་ཆེན་གྱི་ཀུའུ་ཨ་ཡིའུ་ཙེ་གྲོང་ཚོར་སློབ་མས་ཀྲུང་གོས་སྐྲུན་རོགས་བྱས་པའི་ཁྲོན་པ་ནས་ཆུ་ལེན་བཞིན་པ།

    ཀྲུང་གོ་བཟོ་སྐྲུན་ཨེ་ཅིབ་ཀུང་སིས་སྐྲུན་འགན་ཁུར་བའི་ཨེ་ཅིབ་ཀྱི་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་ནི་ཁེ་རོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་50ཙམ་གྱི་སར་གནས་ཤིང་། དེ་ནི་ཨེ་ཅིབ་ཏུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན། འདི་ནི་2021ལོའི་ཟླ་6ཚེས་17ཉིན་པར་བླངས་པའི་ཨེ་ཅིབ་ཀྱི་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་བསྐྲུན་ཡུལ་ཡིན་པ།

    “གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩ”ཡིས་རྒྱབ་སྐྱོར་བྱས་པའི་བྱིས་པའི་འཛུམ་མདངས་རྣམ་གྲངས་ཀྱི་འགོ་འཛུགས་མཛད་སྒོ་དེ་ན་ནིང་གི་ཟླ་7ཚེས་11ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་སློབ་འབྲིང་ཞིག་ཏུ་གཉེར་བ་དང་། རྣམ་གྲངས་ལས་ནེ་པ་ལའི་སློབ་མ་3600ལ་ཕན་པ་ཐོབ་ཡོད་པ་རེད། འདི་ནི་2022ལོའི་ཟླ་7ཚེས་11ཉིན། ནེ་པ་ལའི་ཀ་ཏ་མན་རྡུ་རུ་སློབ་མ་ཚོས་བྱིས་པའི་འཛུམ་མདངས་རྣམ་གྲངས་ཀྱི་འགོ་འཛུགས་མཛད་སྒོའི་རྗེས་ཁ་ལག་ཟ་བའི་གནས་ཚུལ་ཡིན་པ།

    སུན་མེ་ལེ་ནི་ཁམ་ཕུ་ཁྲེའི་སྐྱེད་མ་དབུལ་པོ་ཞིག་ཡིན་པ་དང་མིག་གཡོན་མར་སྐྱ་གྲིབ་ཕོག་ནས་མཐོང་གི་མེད། ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྐྱ་གྲིབ་སྨན་བཅོས་ཀྱི་གཤགས་བཅོས་བྱས་རྗེས་ཁོང་གི་མིག་ཤེད་རིམ་གྱིས་སླར་གསོ་བྱུང་ཡོད། འདི་ནི་2019ལོའི་ཟླ་3ཚེས་15ཉིན་ཁམ་ཕུ་ཁྲེའི་བང་ཀྲེན་ཞིང་ཆེན་སྨན་ཁང་དུ་སྐྱ་གྲིབ་གཤགས་བཅོས་བྱས་པའི་སུན་མེ་ལེར་བུ་མོས་འཐམ་འཁྱུད་བྱེད་བཞིན་པ།

    ཅ་ཝན་མྱུར་བགྲོད་ལྕགས་ལམ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་དེ་བཞིན་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ལ། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཕྱི་རྒྱལ་དུ་བསྐྲུན་ཐེངས་ཐོག་མའི་རྣམ་གྲངས་ཤིག་ཀྱང་ཡིན། འདི་ནི་2023ལོའི་ཟླ་5ཚེས་22ཉིན་པར་བླངས་པའི་ཧིན་རྡུ་ཉི་ཞི་ཡའི་ཅ་ཝན་མྱུར་བགྲོད་ལྕགས་ལམ་དུ་སྐྱོད་བཞིན་པའི་ཅ་ཝན་མྱུར་བགྲོད་ལྕགས་ལམ་གྱི་ཕྱོགས་བསྡུས་ཞིབ་བཤེར་ཚད་ལེན་མེ་འཁོར་ཡིན་པ།

    2002ལོ་ནས་བཟུང་། ཀྲུང་གོས་ཕ་ཕུ་ཡ་ཀུའི་ནེ་ཡར་བསྟུད་མར་སྨན་བཅོས་རུ་ཁག་ཁག་12བཏང་ནས་ཡུལ་དེ་གའི་འཕྲོད་བསྟེན་ཆུ་ཚད་ལེགས་གཏོང་དང་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་མཛའ་གྲོགས་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འདི་ནི་2023ལོའི་ཟླ་8ཚེས་5ཉིན། ཕ་ཕུ་ཡ་ཀུའི་ནེ་ཡའི་ཀྲུང་དབྱང་ཞིང་ཆེན་གྱི་གྲོང་ཚོ་ཞིག་ཏུ་ཕ་ཕུ་ཡ་ཀུའི་ནེ་ཡར་རོགས་སྐྱོར་བྱེད་མཁན་ཁག་12པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་དཔོན་གཞོན་པ་ཕྲུ་གུ་དམར་འབྱར་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ལིའུ་ཀྲེང་ཆིའུ་ཡིས་ཡུལ་དེ་གའི་ཕྲུ་གུ་དམར་འབྱར་ལ་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    2019ལོའི་ཟླ་7ཚེས་13ཉིན་ཁུ་པའི་རྒྱལ་ས་ཧ་ཝ་ན་རུ་འགྲུལ་པ་ཚོ་ཀྲུང་གོས་ཇུས་འགོད་དང་ཐོན་སྐྱེད་བྱས་པའི་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་ནང་བསྡད་ཡོད་པ། འདི་ནི་ཁུ་པས་1975ལོ་ནས་བཟུང་ལྕཊ་ལམ་འགྲུལ་སྐྱེལ་མེ་འཁོར་གསར་རྐྱང་ཉོ་ཐེངས་དང་པོ་ཡིན་པ།

    ལྷོ་ལྷོ་མཉམ་ལས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཤེས་བྱ་དང་། ཉམས་མྱོང་། སྲིད་ཇུས། ལག་རྩལ། ཐོན་ཁུངས་སོགས་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་སྤྱོད་སྤེལ་རེས་བྱེད་པའི་མཉམ་ལས་ལམ་སྲོལ་ཞིག་རེད། རྒྱལ་ཁབ་དེ་དག་མང་ཆེ་བ་སའི་གོ་ལའི་ཕྱེད་ལྷོ་མར་གནས་པས། མི་རྣམས་ཀྱིས་རྒྱལ་ཁབ་དེ་དག་ལ་ལྷོ་ཕྱོགས་རྒྱལ་ཁབ་ཅེས་འབོད་ཀྱི་ཡོད་ལ། དེ་དག་དབར་གྱི་མཉམ་ལས་ལའང་དེའི་རྐྱེན་གྱིས་ལྷོ་ལྷོ་མཉམ་ལས་ཞེས་བརྗོད་ཀྱི་ཡོད།

    ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལྷོ་ལྷོ་མཉམ་ལས་ནང་ཧུར་ཐག་ཞུགས་པ་དང་། ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་འོག ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་གོས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་། ཆེད་ལས་ལག་རྩལ་གྱི་ཤེས་བྱ་བརྒྱུད་ཁྲིད། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་འཛུགས་སྐྲུན་ལ་སྐུལ་འདེད། དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་བུ་ལོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་100ལྷག་ཙམ་ལ་རོགས་སྐྱོར་བྱས་པ་དེ་དག་སྨན་བཅོས་དང་། སློབ་གསོ། གནམ་གཤིས་འགྱུར་ལྡོག ཞིང་ལས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་མང་པོར་ཁྱབ་ནས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་ལྷོ་ལྷོ་མཉམ་ལས་ལ་མིག་དཔེ་བཟང་པོ་སྟོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།