དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་སྡོད་ཁང་གྲོང་དོན་ལས་གྲྭ“བློ་རིག་ཅན་གྱི་ལས་ཡུལ”འཛུགས་སྐྲུན་ཁྱབ་གདལ་བཏང་བ།

    རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་7 རྫོང་དང་ཆུས་34བཅས་ཀྱི་ལས་སྟེགས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-22

    ཉེ་ཆར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལྗོངས་ཡོངས་ཀྱི་སྡོད་ཁང་གྲོང་དོན་ལས་གྲྭ“བློ་རིག་ཅན་གྱི་ལས་ཡུལ”གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་འདུ་ཚོགས་འཚོགས་པ་རེད།

    གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། 2022ལོར་རང་ལྗོངས་ཀྱིས་སྡོད་ཁང་གྲོང་དོན་ལས་གྲྭའི་ཁྱབ་ཁོངས་སུ“བློ་རིག་ཅན་གྱི་ལས་ཡུལ”གྱི་ཚོད་ལྟའི་ལས་དོན་སྤེལ་བས་ཕན་འབྲས་ཡག་པོ་ཐོན་ཡོད། འདི་ལོའི་ཟླ་5པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལྗོངས་ཡོངས་སུ“བློ་རིག་ཅན་གྱི་ལས་ཡུལ”ཕྱོགས་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་བཏང་སྟེ་ཆ་རྐྱེན་དང་མཐུན་པའི་གསར་དུ་བརྒྱབ་པའི་སྡོད་ཁང་གྲོང་དོན་ལས་གྲྭ་ཚང་མ“བློ་རིག་ཅན་གྱི་ལས་ཡུལ”དང་འབྲེལ་མཐུད་བྱས་ཤིང་། མིག་སྔར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་7 དེ་བཞིན་རྫོང་དང་ཆུས་34བཅས་ཀྱི་ལས་སྟེགས་བསྐྲུན་རྒྱུ་ལེགས་སྒྲུབ་བྱས་པ་མ་ཟད། ཁྱོན་རྣམ་གྲངས་231“བློ་རིག་ཅན་གྱི་ལས་ཡུལ”དང་འབྲེལ་མཐུད་བྱས་ཏེ་ལག་བསྟར་ལྟ་འདོམས་བྱས་ནས་རྣམ་གྲངས་འབྲེལ་མཐུད་ཐུབ་ཚད་40.24%ཟིན་ཡོད། ཟླ་8པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་བདག་སྤྲོད་དང་ལྟ་སྐུལ་བྱས་པའི་སྐྲུན་བཞིན་པའི་སྡོད་ཁང་གྲོང་དོན་ལས་གྲྭའི་རྣམ་གྲངས་ཁྱོན་བསྡོམས་2529ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་7755.77ཟིན་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་3145.53བཏང་བ། ས་གནས་ས་ཐོག་གི་ལས་མི་ཁྲི་13ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།